ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲུང་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར95ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲུང་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར95ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་སྣེ་ལེན་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས31ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར95ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་སྣེ་ལེན་ཚོགས་འདུར་ཞུགས།

པར་འདི་ནི་ཟླ7པའི་ཚེས31ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར95ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པའི་རྣམ་པ་རེད།

གློག་འོད་ཆེམ་ཆེམ་འཕྲོ་བའི་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས། ཀྲུའུ་ཞི་སྟེགས་བུའི་མདུན་ངོས་སུ་བརྗིད་ཉམས་ལྡན་པའི“བརྒྱད་གཅིག”དམག་རྟགས་བཀལ་ཡོད་ལ། “1927-2022”ཞེས་པའི་ཡིག་འབྲུ་ཆེན་པོས་གཞོགས་གཉིས་ཀྱི་དར་དམར་ལ་སྔར་ལས་བཀྲག་མདངས་བསྣན་ཞིང་། དེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལོ་ངོ95ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བ་མཚོན་ཡོད།

ཆུ་ཚོད18ཙམ་ལ། སྤྲོ་སྣང་ལྡན་པའི《མགྲོན་བསུ་རོལ་དབྱངས》ཀྱི་འགྱུར་ཁུགས་དང་མཉམ་དུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ནས། ཀྲུང་ཕྱིའི་སྐུ་མགྲོན་དང་དགའ་འཛོམས་གནང་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

སྣེ་ལེན་ཚོགས་འདུའི་མགོ་ཚུགས་སྐབས། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ནམ་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་བའི་ཝུའེ་ཧྥུང་ཧོ་ཡིས་ཤིས་ཚིག་ཕུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཝུའེ་ཕུང་ཧོ་ཡིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་གནས་གཉེར་མཁན། དམངས་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། དུས་སྐབས་ཁག་ཏུ་མི་དམངས་དམག་དཔུང་འཛུགས་སྐྱོང་ཐད་བྱས་རྗེས་བཞག་པའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་གྲས་དང་། དམག་མི་རྒན་གྲས། ལས་བསྒྱུར་དམག་མི། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི་བཅས་ལ་འཚམས་འདྲི། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་པའི་བློ་མཐུན་དང་དམག་ཡོངས་ཀྱི་དཔའ་བོ་དཔེ་བཟང་གི་འཐུས་མི། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་འཐུས་མི། རྒྱལ་ཡོངས་ཀྱི་དཔེ་བཟང་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་འཐུས་མི་བཅས་ལ་བླ་མེད་ཀྱི་གུས་འདུད། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་གྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། མི་དམངས་ཚོགས་པ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྣེ་ལེན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་གི་དྲག་ཆས་དམག་དཔོན་དང་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་ཞེས་གསུངས་པ་རེད།

ཝུའེ་ཧྥུང་ཧོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་མི་དམངས་ཀྱི་དམག་དཔུང་ཡིན། ལོ་ངོ95རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག དཔའ་མཛངས་རྟུལ་ཕོད་ཀྱི་མི་དམངས་དམག་དཔུང་གིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག་བཅས་ཀྱི་ཆེད་དུ་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་བཞག་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱ་ཆེད་འདེགས་སྐྱོར་ཀྱི་ནུས་ཤུགས་ཆེན་པོ་བཏོན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས།

ཝུའེ་ཧྥུང་ཧོ་ཡིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་དམག་ཡོངས་ཀྱིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཤུགས་ཇེ་མགྱོགས་སུ་གཏོང་བ། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་འཚམ་ཤིང་། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འཚམ་པའི་རྒྱལ་སྲུང་སྲ་བརྟན་དང་མི་དམངས་དམག་དཔུང་སྟོབས་ཆེན་བསྐྲུན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་བསྟན།

སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་ཕོར་བ་ཡར་བཏེགས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར95ལོན་པར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་དར་རྒྱས་དང་གོང་འཕེལ་ཡོང་བའི་སྨོན་འདུན་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་དཔུང་བར་མཛའ་གྲོགས་ཟབ་མོ་ཡོང་བའི་སྨོན་འདུན་ཞུས།

པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། དེ་སྔོན་ཏང་དང་རྒྱལ་ཁབ་དང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ལས་འགན་འཁུར་མྱོང་བའི་དམག་དཔུང་གི་བློ་མཐུན་རྒན་གྲས་སོགས་སྣེ་ལེན་ཚོགས་འདུར་ཕེབས་ཡོད།

ཐེངས་འདིའི་སྣེ་ལེན་ཚོགས་འདུར་ད་དུང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་དག པེ་ཅིང་དུ་སྡོད་པའི་བཅིངས་འགྲོལ་དམག་གི་ལས་ཁུངས་ཆེ་གྲས། དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་འཁུར་བློ་མཐུན། དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་གྲས་ཀྱི་འཐུས་མི། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་དམག་ཡོངས་ཀྱི་དཔའ་བོ་དཔེ་བཟང་ཅན། རྒྱལ་སའི་དམངས་དམག སྔོན་གཤེགས་དཔའ་བོའི་ཁྱིམ་མི། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་ཅན། གོ་མིན་ཏང་གི་འོས་ལངས་མི་སྣའི་འཐུས་མི། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་དྲག་ཆས་དཔོན་རིགས་སོགས་ཞུགས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།