ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་པར་མ་ཟད། ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་སྐོར་ཞིབ་ཐེངས་དགུ་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་།

གྲོས་ཚོགས་ནས་འདོད་དོན། ད་ལོ་ནས་བཟུང་། རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ནུས་ལྡན་བྱས་པར་བརྟེན། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་ཡོད་པའི་དབང་གིས། ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་རིན་ཡོད། དུས་མཚུངས་སུ། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་མདུན་དུ་འགལ་ཟླ་དང་གནད་དོན་འབུར་ཐོན་ཅན་རེ་འགའ་གནས་ཡོད་པས། འཐབ་ཇུས་ཀྱི་བརྟན་ཤུགས་སྲུང་འཛིན་དང་རང་ཉིད་ཀྱི་ལས་དོན་བློ་བརྟན་འགྱུར་མེད་ཀྱིས་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡོངས་འགྲུབ་བྱེད་པ་ལ་ཅིས་ཀྱང་བརྟན་ཐོག་ཡར་འཕེལ་གྱི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱེད་པ། དཔལ་འབྱོར་སླར་གསོ་ལེགས་ལམ་དུ་འཕེལ་རྒྱུ་སྔར་ལས་སྲ་བརྟན་དུ་གཏོང་བ། ལས་ཞུགས་ལ་བརྟེན་ནས་དངོས་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་པ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བཅས་བྱས་ནས། གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་འཐེན་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བར་ཕྱོགས་བསྡུས་སྒོས་བལྟ་བ་དང་། གོ་རིམ་ལྡན་ཞིང་ཕུགས་ཕན་གྱི་སྒོ་ནས་བལྟ་དགོས་ལ། ལྷག་པར་དུ་ཆབ་སྲིད་ཀྱི་ངོས་ནས་བལྟ་རྒྱུ་དང་ཆབ་སྲིད་ཀྱི་ངོས་ནས་རྩིས་སྤྲོད་ཡག་པོ་བྱེད་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་ན་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། རིམས་ནད་ཕྱི་ནས་ནང་དུ་མི་མཆེད་པར་བྱེད་པ་དང་ནང་ནས་ཡང་བསྐྱར་མི་འཕར་བར་བྱེད་པ། འགུལ་རྣམ་གཙང་མ་རྒྱུན་འཁྱོངས་བཅས་བྱས་ཏེ། རིམས་ནད་བྱུང་མ་ཐག་ངེས་པར་དུ་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ནས། དོ་དམ་བྱེད་དགོས་ངེས་ཀྱི་རིགས་ལ་དོ་དམ་མཐའ་གཅིག་ཏུ་བྱེད་པ་ལས། སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་འགོག་བཅོས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གཙོ་གནད་ནུས་པ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས་ལ། འགན་ལེན་བྱེད་དགོས་ངེས་ཀྱི་རིགས་ལ་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས། ནད་དུག་གཞན་འགྱུར་རྩད་གཅོད་དང་རིམས་འགོག་སྨན་ཁབ་གསར་པའི་ཞིབ་འཇུག་གསར་སྤེལ་གྱི་ལས་ཀ་ཡག་པོ་སྒྲུབ་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཀྱིས་དགོས་མཁོ་རྒྱ་ཆེར་གཏོང་རྒྱུའི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས། ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་མི་འདང་སར་ཁ་གསབ་ནུས་ལྡན་བྱ་དགོས། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས། ས་གནས་སྲིད་གཞུང་གིས་ཆེད་དམིགས་བུ་ལོན་གྱི་བཅད་གྲངས་བེད་སྤྱོད་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱ་དགོས། དངུལ་ལོར་གྱི་སྲིད་ཇུས་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་ཁང་གི་གསར་འཕར་ཡིད་རྟོན་དངུལ་བུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་འཇོག་པའི་ཐེབས་རྩ་བེད་སྤྱོད་ཡག་པོ་བྱ་དགོས། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་པོའི་རང་བཞིན་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་ནས། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་བྱེད་པ་དང་། རྒྱལ་ནང་གི་ཐོན་ལས་འབྲེལ་ཐག་གི་ཁྱབ་སྟངས་ཇེ་ལེགས་སུ་གཏོང་བ། དབུས་ནུབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཁྱོན་ཡོངས་ནས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་པ་དང་། ནུས་ཁུངས་ཐོན་ཁུངས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་མཁོ་སྤྲོད་བསྡུ་ཉར་མ་ལག་གི་འཆར་འགོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བར་བྱས་ན། སྡོད་ཁང་ནི་མི་འཚོ་སྡོད་བྱ་ཡུལ་ཡིན་པ་ལས་ཚོང་རྒྱག་ས་མིན་པའི་གནས་ཐིག་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། སྲིད་ཇུས་ཡག་པོ་སྤྱོད་པ། འགྱུར་མེད་རང་བཞིན་དང་ལེགས་བཅོས་གཏོང་བའི་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། ས་གནས་སྲིད་གཞུང་གི་འགན་འཁྲི་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། ཐོག་ཁང་དུས་ལྟར་སྤྲོད་པ་དང་དམངས་འཚོར་འགན་ལེན་བྱེད་དགོས། དངུལ་རྩའི་ཁྲོམ་ར་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཏེ། ས་གནས་ཀྱི་གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་ཁ་ཤས་ཀྱི་ཉེན་ཁ་ཐག་གཅོད་འོས་འཚམ་བྱས་ནས། དངུལ་རྩའི་ཉེས་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་བྱ་དགོས། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་སྟེགས་དཔལ་འབྱོར་གྱི་ཆེད་དོན་བཅོས་སྒྲིག་ཡོངས་འགྲུབ་བྱེད་པ། ལས་སྟེགས་དཔལ་འབྱོར་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་པ། མ་འཇོག་གྱོད་དཔེ་ཁག་གཅིག་གཅིག་སྡུད་ཀྱི་སྒོ་ནས་འདོན་པ་བཅས་བྱེད་དགོས། ཕྱིར་གཏོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ། ལག་རྩལ་དང་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས། རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དམངས་འཚོར་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་གང་ཐུབ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས།

གྲོས་ཚོགས་ནས་བླང་བྱ་བཏོན་དོན། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱེད་དགོས་ལ། ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་ནན་མོ་འཁུར་དགོས་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་གསོན་ཤུགས་ཀྱིས་བརྟས་པའི་རྣམ་འགྱུར་བཟུང་ནས་ལས་དོན་སྤེལ་དགོས་ལ། འགོ་ཁྲིད་ལས་བྱེད་པས་དགེ་བའི་ལས་ལ་གཞོལ་ཕོད་པར་བྱ་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་ཆེན་པོ་འཁུར་ཕོད་པ་དང་ཆ་རྐྱེན་ཡོད་པའི་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ཡོངས་འགྲུབ་ཐད་བརྩོན་ལེན་བྱེད་དགོས། ཁེ་ལས་དང་ཁེ་ལས་པའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྲིད་ཇུས་དང་ལམ་ལུགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ། གཞུང་གཉེར་ཁེ་ལས་ཀྱིས་སྒྲུབ་ཕོད་པ་དང་དམངས་གཉེར་ཁེ་ལས་ཀྱིས་དཔལ་འབྱོར་སྒྲུབ་ཕོད་པ། ཕྱི་ཕྱོགས་ཁེ་ལས་ཀྱིས་མ་རྩ་གཏོང་ཕོད་པ་བཅས་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། སྐོར་ཞིབ་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ཀྲུང་དབྱང་ སྐབས་བཅུ་དགུ་པའི་སྐོར་ཞིབ་ཚན་ཁག་ཐེངས་དགུ་པས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལ་གཅིག་སྡུད་ཀྱི་རྣམ་པའི་ངོས་ནས་སྐོར་ཞིབ་བྱས་ནས། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཡོངས་ཁྱབ་སྐོར་ཞིབ་ ལས་འགན་དུས་བཅད་ལྟར་ཡོངས་འགྲུབ་བྱས་པ་དེའི་སྟེང་ནས། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་མངོན་གསལ་དོད་པའི་གཤིས་རྒྱུད་མངོན་ཡོད་ཅིང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་དམིགས་བསལ་མེད་པའི་ལངས་ཕྱོགས་བརྟན་པོ་མངོན་ཡོད། སྐོར་ཞིབ་དངོས་ལ་བལྟས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ནན་ཏན་གྱིས་འགན་འཁུར་བ་དང་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དུས་མཚུངས་སུ། སྐོར་ཞིབ་བྱེད་སྐབས་ཀྱང་གནད་དོན་འགའ་ཤས་ཤེས་རྟོགས་བྱུང་ཡོད་པས། དག་ཐེར་ཡོ་བསྲང་ལ་མཐོང་ཆེན་དང་དམ་འཛིན་ནན་ཏན་བྱ་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྐོར་ཞིབ་དག་ཐེར་ཐད་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་མོ་དང་དགོངས་དོན་གྱི་མཐིལ་རྟོགས་པར་བྱེད་པ། ལག་ལེན་དངོས་ཀྱི་ཁྲོད་ནས་བཀོལ་ཐུབ་པ་བཅས་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཀུན་གྱི་སྣེ་ཁྲིད་དེ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་འགན་འཁུར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱེད་དགོས། གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་ནུས་པ་དང་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་ནས། རང་འགུལ་ངང་དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམ་པར་བྱེད་པ་དང་། དུས་རབས་གསར་པའི་ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་ལ་རྐང་ཚུགས་ཐུབ་པར་བྱེད་པ་བཅས་བྱས་ཏེ། འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་དགོས། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྒྱུད་རིམ་ལྡན་པའི་ངང་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱས་ནས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་འགོག་ཟོན་དང་ཉེན་ཁ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་མོ་འཁུར་བ་དང་། ཚད་མཐའི་བསམ་གཞིག་བརྟན་པོ་བཙུགས་ནས། ཉེན་ཁ་ཚབས་ཆེན་གྱི་སྔོན་དཔག་དང་ཁ་གཏད། ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། གཞི་གདངས་གཙོ་བོ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཉིས་དོན་འཁྱོལ་ནན་ཏན་བྱེད་པ། འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ནང་ཁུལ་གྱི་དོ་དམ་དང་དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱེད་པ་དང་། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་ཀའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།