ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས“བརྒྱད་གཅིག་གཟེངས་རྟགས”དང་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་པེ་ཅིང་དུ“བརྒྱད་གཅིག་གཟེངས་རྟགས”དང་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བརྒྱད་གཅིག་གཟེངས་རྟགས་”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་དཔང་ཡིག་གནང་བ་དང་། གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་དར་ཆ་སྤྲད། 

1.jpg

འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བརྒྱད་གཅིག་གཟེངས་རྟགས་ཐོབ་མཁན་གྱི་བློ་མཐུན་ཚོའི་མཉམ་པར་རེད།

བརྒྱད་གཅིག་ཐོག་ཁང་གི་མཛད་སྒོའི་ཡུལ་དངོས་སུ། དཔུང་སྡེའི་དཔོན་དམག་དང་ཞི་བའི་ལས་འགན་འཁུར་མཁན་གྱི་འཐུས་མི་སྟར་ཕྲེང་བསྒྲིགས་ནས་ཚོགས་ར་ཡོངས་སུ་གཟི་བརྗིད་ཀྱིས་ཁེངས་ཡོད། ཕྱི་དྲོའི་དུས་ཚོད4ཡི་སྟེང་། མེ་མདའ་བཟུང་བའི་གུས་དམག18ཚོགས་རར་ཡོང་ནས་གཡས་གཡོན་གཉིས་སུ་ལངས་ཏེ་མཛད་སྒོ་སྤེལ་མགོ་ཚུགས་པ་དང་ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་ཞི་ཅིན་ཕིང་གི་མིང་རྟགས་བཀོད་པའི་ཀྲུང་དབྱང་དམག་ཨུའི“བརྒྱད་གཅིག་གཟེངས་རྟགས”དང་གཟི་བརྗིད་མཚན་སྙན་གནང་བའི་བཀའ་རྒྱ་སྒྲོག་འདོན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་མཛད་སྒོར་མགོ་འཛིན་མཛད། 

ཏུའུ་ཧྥུ་ཀུའོ་དང་ཆན་ཆི་ཧུའུ། ཉེ་ཧའེ་ཧྲེང་སོགས“བརྒྱད་གཅིག་གཟེངས་རྟགས”ཐོབ་མཁན་གྱི་བློ་མཐུན་ཚོ་རིམ་བཞིན་མདུན་དུ་བསྐྱོད་དེ། ཞི་ཅིན་ཕིང་གིས་ཁོང་ཚོར་བྱས་རྗེས་གཟེངས་རྟགས་དང་དཔང་ཡིག་སྤྲད་ནས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

དེའི་རྗེས་ནས་ཞི་ཅིན་ཕིང་གིས“དཔེ་བཟང་མཁའ་སྐམ་འཕུར་མདེལ་སྒར”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་མཁའ་དམག་སྐམ་སའི་འཕུར་མདེལ་དམག་གི་འབུམ་དཔུང་གཉིས་པར་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་གནང་། 

2.jpg

འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་ལ་བྱ་དགའི་དར་ཆ་སྤྲོད་བཞིན་པའི་རྣམ་པ་རེད།

བྱ་དགའ་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་རྒྱལ་གླུ་ཁྲོད་མཇུག་སྒྲིལ། ཞི་ཅིན་ཕིང་གིས“བརྒྱད་གཅིག་གཟེངས་རྟགས”ཐོབ་པའི་བློ་མཐུན་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧོ་དང་ལི་ཙུའོ་ཁྲུན། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བའི་རང་དམག་གི་དཔའ་བོའི་དཔེ་བཟང་གི་འཐུས་མི། ཐེངས་འདིའི“བརྒྱད་གཅིག་གཟེངས་རྟགས”ཐོབ་མཁན་གྱི་གཉེན་ཉེའི་འཐུས་མི་སོགས་མཛད་སྒོར་ཞུགས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།