གོ་གཉིས་ལོའི་ཐུན་མོང་ངོས་འཛིན་བྱུང་ནས་ལོ་སུམ་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་བྱུང་ནས་ལོ་སུམ་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ནི། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་འདོད་ཚུལ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་རླབས་ཆེན་བྱ་གཞག་མཉམ་སྐྲུན་བྱེད་པ། མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་ལོངས་སྤྱོད་བཅས་བྱེད་དགོས།

ཝང་དབྱང་གིས་ལོ་སུམ་ཅུའི་གོང་དུ། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བས་སྐད་ཆ་བཤད་རེས་ཀྱི་རྣམ་པས་ཁ་གཏད་དུ་ལངས་པའི་ཚབ་བྱེད་རྒྱུ་དང་། འབྲེལ་མཐུད་ལ་བརྟེན་ནས་མི་མཐུན་པའི་ཆ་སེལ་གང་ཐུབ་བྱེད་པ། གྲོས་མོལ་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ལམ་བུ་བདམས་ནས། རང་རང་སོ་སོས་ངག་ཐོག་ནས་མཚོ་འགག་འགྲམ་གཉིས་ཀས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ལ་གྲོས་མཐུན་བཞག་ནས། མཚོ་འགག་འགྲམ་གཉིས་ཀའི་འབྲེལ་བ་ཡི་རྩ་བའི་ངོ་བོ་ཁ་གསལ་བཟོས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་བསྐྲུན།  གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་ལ་མོས་མཐུན་བྱས་ན། གཞི་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་གཏོང་ཐུབ་ལ། ཐའེ་ཝན་སྤུན་ཟླར་ཁེ་ཕན་ཐོབ་ཐུབ། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ཁས་མ་བླངས་པ་དང་ཡང་ན་ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་བྱས་པ་ཡིན་ན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་ཛ་དྲག་དང་ཟང་ཟིང་ཅན་དུ་འགྱུར་ངེས་པར་མ་ཟད། ཐའེ་ཝན་སྤུན་ཟླའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་ཐེབས་རྒྱུ་རེད་ཅེས་བསྟན།

ཡིག་ཆོན་གྱིས་བཞུགས་མོལ་ཚོགས་འདུ་འགོ་འཛིན་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།