ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི《མི་དམངས་ཀྱི་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》སོགས་ཀྱི་གསུང་རྩོམ་བཞིའི་རྒྱ་ཡིག་ཚུགས་རྙིང་པར་མ2022ལོའི་ཞང་ཀང་དཔེ་དེབ་འགྲེམས་སྟོན་ཐོག་ཐོག་མར་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི《མི་དམངས་ཀྱི་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》དང་དེ་བཞིན《ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སྐོར་གླེང་བ》།《ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》།《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》བཅས་གསུང་རྩོམ་བཞིའི་རྒྱ་ཡིག་ཚུགས་རྙིང་པར་མ་དེ་ཙི་ཅིན་རིག་གནས་ཚོགས་སྒྲིལ་ཁོངས་གཏོགས་ཀྱི་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་བྱས་ཤིང་། ཟླ7པའི་ཚེས20ཉིན་ཞང་ཀང་གི་དཔེ་དེབ་འགྲེམས་སྟོན་བྱེད་འགོ་ཚུགས་པའི་ཉིན་དང་པོར་དཔེ་དེབ་གསར་པ་འགྲེམས་སྤེལ་གྱི་མཛད་སྒོ་སྤེལ་བ་རེད།

《མི་དམངས་ཀྱི་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》ཞེས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གྱི་རྩོམ་ཡིག་གལ་ཆེན50བསྡུས་ཡོད་པ་དང་དེའི་ནང་གི་རྩོམ་ཡིག་ཁག་ཅིག་ནི་ཐོག་ད་པོར་ཡོངས་ཁྱབ་ངང་འགྲེམས་སྤེལ་བྱས་པ་རེད།《ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སྐོར་གླེང་བ།》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད80ལྷག་གཅེས་བཏུས་བྱས་ཏེ། གཏམ་རྒྱུད་ཀྱི་ནང་དོན་ལ་དོན་ཟབ་ལ་གོ་སླ་བའི་འགྲེལ་བཤད་དང་འཆད་འགྲེལ་གནང་ཡོད།《ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། གླེང་མོལ། གསལ་བཤད། ལན་འདེབས་སོགས་ཚད་ལྡན་ཡིག་ཆ་གལ་ཆེན60ལྷག་ནས་གནད་བསྡུས་བྱས་ཡོད། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ལ་ཆེད་དོན་ཁག9ཡོད་པ་དེ་དག་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། རྟེན་འབྲེལ་འཕྲིན་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན160ལྷག་ནས་གནད་བསྡུས་བྱས་ཡོད།

གསུང་རྩོམ་བཞིའི་རྒྱ་ཡིག་ཚུགས་རྙིང་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས་ཤིང་། ཞང་ཀང་གི་ཀློག་པ་པོས་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་དང་བསམ་བློའི་ཡིད་དབང་འཕྲོག་ཤུགས། ལག་ལེན་གྱི་རིན་ཐང་བཅས་ལ་མ་ལག་ལྡན་པའི་སྒོ་ནས་ཤེས་རྟོགས་བྱེད་པ། དེང་དུས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རྒྱུས་ལོན་བྱེད་པ། རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཤུགས་རྒྱ་ཆེར་ངང་གཅིག་ཏུ་སྒྲིལ་བ། ཞང་ཀང་གིས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་སོགས་ལ་རམ་འདེགས་བྱེད་ཐུབ།

ཙི་ཅིན་རིག་གནས་ཚོགས་སྒྲིལ་གྱི་ཏུང་ཧྲི་ཀྲང་མའོ་ཁྲའོ་ཧྥུང་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དམངས་སྲིད་དང་གཞོན་ནུ་ལས་དོན་ཅུའུ་ཡི་ཅུའུ་ཀྲང་མའེ་མེ་ཅོན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞང་ཀང་ཚོགས་མིའི་སྤྱི་ཁྱབ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཧོ་ཆི་ཀང་བཅས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུངས། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་དྲིལ་བསྒྲགས་རྩོམ་ཡིག་པུའུ་དང་མཉམ་འབྲེལ་དཔེ་སྐྲུན་ཚོགས་པའི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས། ཞང་ཀང་ས་ཁུལ་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཐུན་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཞང་ཀང་གི་ཚོགས་མིའི་སྤྱི་ཁྱབ་ལྷན་ཚོགས། ཀྲུང་གོ་ཞང་ཀང་ལུས་རྩལ་མཐུན་ཚོགས་དང་ཨོ་ལིམ་ཕིག་ཨུ་ལྷན། ཞང་ཀང་མཛའ་གྲོགས་མཐུན་སྦྱོར་ལྷན་ཚོགས། ཞང་ཀང་གི་ཀྲུང་གོའི་ཁེ་ལས་མཐུན་ཚོགས། ཞང་ཀང་གསར་འགྱུར་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས། ཞང་ཀང་གི་དཔེ་སྐྲུན་སྤྱི་ཁྱབ་ལྷན་ཚོགས། ཞང་ཀང་གི་སློབ་གསོའི་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས། ཞང་ཀང་གླིང་ཕྲན་གྱི་ལས་རིགས་ཁག་གི་མཉམ་འབྲེལ་ལྷན་ཚོགས། ཞང་ཀང་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་སོགས་ཞང་ཀང་གི་མཐུན་ཚོགས་གཙོ་བོ་དང་དེ་བཞིན་ཚོགས་པའི་འགན་འཁུར་བ་མཛད་སྒོར་ཞུགས་པ་དང་འབྲེལ་དཔེ་དེབ་ཀྱང་བླངས་པ་རེད།

དེ་རིང་ནས་བཟུང་། ཞང་ཀང་དང་ཨའོ་མོན་གྱི་དཔེ་ཚོང་ཁང་ཆེ་གྲས་ཁག་ཏུ་གསུང་རྩོམ་བཞིའི་རྒྱ་ཡིག་ཚུགས་རྙིང་པར་མ་ཕྱོགས་ཡོངས་ནས་ཕྱི་འཚོང་དང་གཙོ་གནད་ཐོག་འོས་སྦྱོར་བྱ་རྒྱུ་རེད། ཞང་ཀང་ཀང་ཏའོ་དང་ཅིའུ་ལུང་། ཞིན་ཅེ་བཅས་ཀྱི་ཆུས་སོ་སོའི་སྡེ་ཁུལ་ཆེ་གྲས་དང་སློབ་གླིང་། སློབ་གྲྭ་ཆུང་འབྲིང་བཅས་ཀྱིས“འཁོར་སྐྱོད་དཔེ་ཁང”སོགས་སྤྱི་ཕན་དཔེ་ཀློག་བྱེད་སྒོ་སྤེལ་ནས་བརྩམས་ཆོས་བཞི་འགྲེམས་སྟོན་དང་འོས་སྦྱོར་ཡག་པོ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།