ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་བརྙན་ལམ་བརྒྱུད་དེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་གནང་། 

པར་འདི་ནི་ཟླ7པའི་ཚེས19ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་བརྙན་ལམ་བརྒྱུད་དེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་དང་མཉམ་ལས་བྱས་ནས་ལོ་ངོ40ལྷག་སོང་བ་དེ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ཕལ་ཆེར་དུས་མཉམ་ཡིན་པ་རེད། མིག་སྔར། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་ངེས་གཏན་མེད་པ་དང་བརྟན་བརླིང་མིན་པའི་རྒྱུ་རྐྱེན་མང་པོར་འཕྲད་བཞིན་ཡོད་ནའང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས། རྒྱལ་ཁབ་ཕན་ཚུན་བར་འགྲོ་འོང་དང་སྤེལ་རེས་བྱ་རྒྱུ་ནི་མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་འགྲོས་ཤིག་ཡིན་པས། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་གོམ་འགྲོས་ལ་ཀྱག་ཀྱོག་དང་བར་ཆད་ཐེབས་མི་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་མེད་ཀྱི་ཡིད་ཆེས་དང་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་། ཕན་ཚུན་གླེང་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་བཅས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་གླེང་སྟེགས་ཀྱི་ཐོག་མཐའ་བར་གསུམ་ཀུན་ཏུ་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པ་དང་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་ནས་འཛམ་གླིང་ཡོངས་ལ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སྒྱུར་གྱི་ཐད་ལ་ཧུར་ཐག་སྒོས་བརྡ་རྟགས་བཏང་ཡོད་ཅེས་བསྟན། 

ལི་ཁེ་ཆང་གིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ལ་གཡོ་འགུལ་ཅི་འདྲ་བྱུང་རུང་། ཀྲུང་གོས་ནམ་ཡང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་ཐབས་ཇུས་འགྱུར་མི་སྲིད་ལ། ཕྱོགས་སོ་སོ་དང་མཉམ་དུ་གླེང་མོལ་དང་འབྲེལ་གཏུག་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་ཆ་རྐྱེན་བསྐྲུན་རྒྱུ་ཡིན།

ཧྲི་ཝ་པུའུ་ཡིས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་འདས་པའི་ལོ་ངོ40ལྷག་གི་རིང་ཀྲུང་གོ་དང་རོགས་ཟླའི་འབྲེལ་བ་སྲུང་འཛིན་བྱས་ཡོད། དེང་སྐབས་འཛམ་གླིང་ལ་ཉམས་ཉེན་དང་འགྲན་སློང་མོང་པོ་འཕྲད་བཞིན་ཡོད་པས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་དང་། གོ་ལ་ཧྲིལ་བོའི་གླེང་མོལ་ལ་སྐུལ་འདེད། བཟོ་ཚོང་ལས་རིགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ། རྒྱལ་སྤྱི་དང་ས་ཁུལ་བར་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་ཐོན་ལས་རྣམ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་འདྲ་མཉམ་གྱི་ནུས་པ་འདོན་པར་སྐུལ་སྤེལ་བྱ་རྒྱུ་ཡིན་ཞེས་བསྟན།

ཞའོ་ཅེ་དང་ཧི་ལི་ཧྥུན་རྣམ་གཉིས་གོང་གི་བྱ་འགུལ་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།