ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ཐོན་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཐུས་མིའི་གྲོས་ཚོགས་ཟླ7པའི་ཚེས17ཉིན་ནས་ཚེས19ཉིན་བར་པེ་ཅིང་ནས་བསྡུས། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ཐོན་བྱ་རྒྱུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབ་པར་སྐུལ་སློང་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་རྒྱུ་བཅས་རེད། ཏང་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་ཏིང་ཞུའེ་ཞང་དང་ཝང་དབྱི། ཞའོ་ཅེ་བཅས་འཐུས་མིར་བདམས་ཐོན་བྱུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཐུས་མིའི་ཚོགས་འདུའི་འཐུས་མི་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་དུ་བཏང་སྟེ། ཏང་གི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་དང་། འགན་འཁྲི་ཡང་དག་སྒྲུབ་པ། དབང་ཆ་ལག་བསྟར་ནན་མོ་བྱེད་པ། རྩ་འཛུགས་ཀྱི་རྩ་དོན་དང་འདེམས་བསྐོའི་གཏན་འབེབས་ལྟར་ལས་དོན་ནན་མོ་སྒྲུབ་པ་བཅས་བྱས་ཏེ། འཐུས་མི་འདེམས་བསྐོའི་ལས་དོན་དེ་ཏང་ནང་གི་དམངས་གཙོ་དར་སྤེལ་དང་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཏང་འཛུགས་སྐྱོང་ལས་དོན་དེ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། “སྲུང་སྐྱོང་གཉིས”ལག་བསྟར་གྱི་སྣེ་ཁྲིད་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱས་པ་བརྒྱུད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི293བདམས་ཐོན་བྱུང་པ་རེད། བདམས་ཐོན་བྱུང་བའི་འཐུས་མིའི་ནང་། རིམ་པ་ཁག་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཡོད་ལ་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པའི་ཏང་ཡོན་ཡང་ཡོད་པ་དང་། ད་དུང་བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། ཆེད་ལས་ལག་རྩལ་མི་སྣའི་ཏང་ཡོན་བཅས་ཀྱི་གྲངས་འབོར་ཡང་ངེས་ཅན་ཞིག་ཡོད་པས། ཀྲུང་དབྱང་གིས་བཏོན་པའི་འཐུས་མིའི་གྲུབ་ཚུལ་གྱི་བསྡུར་ཚད་ཀྱི་བླང་བྱ་དང་མཐུན་ལ། འཐུས་མིའི་སྔོན་ཐོན་རང་བཞིན་དང་འཐུས་ཚབ་རང་བཞིན་རྒྱ་ཁྱབ་ཏུ་ལྡན་པ་མཚོན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།