ཀྲུང་གོ་བོད་ཀྱི་དྲ་བ།

དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་སོགས་ཀྱིས་མཉམ་འབྲེལ་སྒོས་བརྒྱད་གཅིག་སྐབས་ཀྱི་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་ཀྱི་གཉིས་བཀུར་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། ས་གནས་དང་སྡེ་ཁག་སོ་སོས་ བརྒྱད་གཅིག་སྐབས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན། ས་གནས་དང་སྡེ་ཁག་སོ་སོས་དམག་དཔུང་གི་གནད་དོན་དངོས་རང་འགུལ་ངང་ཤེས་རྟོགས་ཐུབ་པར་བྱས་ནས། དུས་ཐོག་ཏུ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་ཐག་གཅོད་བྱེད་རོགས་བྱ་དགོས། རྒྱུན་གཏན་གྱིས་སྐམ་ས་དང་རྒྱ་མཚོའི་མཐའ་སྲུང་ལ་བརྩེ་སེམས་བཅངས་པའི་དཔོན་དམག་གི་དམག་བཀུར་ཁྱིམ་སྐྱོང་བྱེད་སྒོ་སྤེལ་བ་དང་ཆེད་དོན་འཚམས་འདྲི་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གིས་དཔོན་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་སྐུལ་སློང་བྱེད་པ། དམག་འགྲོགས་ཁྱིམ་མི་གཏན་སྡོད་དང་ལས་ཞུགས་བཀོད་སྒྲིག བུ་ཕྲུག་གི་སློབ་གྲྭ་བརྗེ་བ་སོགས་གཟིགས་སྐྱོང་ལས་དོན་ཁག་བཟང་བོར་བསྒྲུབ་དགོས། དཔུང་སྡེ་ཁག་གིས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དང་ཁེར་སྡོད་ལོ་ལོན་རྒན་པ། ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས། དཔུང་སྡེའི་ཁ་གཏད་རོགས་སྐྱོར་གྲོང་ཚོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་ཇེ་བརྟན་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།