ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་མ་དངུལ་སྒོར་དུང་ཕྱུར2.7བཏང་སྟེ་ས་གནས་ཀྱི་ཞོད་ཐན་སྔོན་འགོག་བྱ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས11ཉིན་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར2.7བཏང་སྟེ་ས་གནས་ཀྱི་ཞོད་ཐན་སྔོན་འགོག་བྱ་བ་ལེགས་པོར་སྒྲུར་པར་རྒྱབ་སྐྱོར་བྱས། དེའི་ཁྲོད་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར2བཏང་སྟེ། ལུའོ་ཉིང་དང་ཅི་ལིན། ཀོང་ཏུང་། ཀོང་ཞི། ཧེ་ནན། ཡུན་ནན་སོགས་ཞིང་ལྗོངས6གིས་ཞོད་འགོག་རྒུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ཤིང་། ས་གནས་ཀྱིས་སྤྱི་འདོམས་བྱས་ཏེ་འཕྲལ་བསྟུན་རྒུད་སྐྱོབ་དང་གནོད་ཐེབས་མང་ཚོགས་ཀྱི་རོགས་སྐྱོར་ཐད་སྤྱོད་རྒྱུ་ཡིན་ལ། གནོད་ཐེབས་མང་ཚོགས་སྤོ་སྒྱུར་བདེ་བཀོད་དང་ཉེན་སེལ་གནོད་འགོག་སོགས་ཀྱི་འཕྲལ་བསྟུན་བཀོད་སྒྲིག་དང་། གནོད་འཚེ་གྲལ་བཤེར་དང་འཕྲལ་བསྟུན་བཅོས་སྐྱོང་ལས་དོན། སྡོད་ཁང་ཞིག་གསོ་སོགས་ཀྱི་ལས་དོན་གཙོ་གནད་དུ་ལེགས་པོར་བསྒྲུབ་རྒྱུ་ཡིན་པ་དང་། སྔོན་རྩིས་མ་དངུལ་སྒོར་ཁྲི7000བཏང་སྟེ། ཀན་སུའུ་དང་ནང་སོག ཧྲན་ཞི་སོགས་ཞིང་ལྗོངས3གྱི་ཐན་འགོག་རྒུད་སྐྱོབ་ལས་དོན་བསྒྲུབ་རྒྱུ་ཡིན་ཞིང་། གཙོ་གནད་དུ་མཁར་གྲོང་སྡོད་དམངས་ཀྱི་ཆུ་བཀོལ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།