ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་རྟོག་ཞིབ་མཛད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན།

ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་རང་བདག་རང་སྟོབས་ནི་རྒྱལ་ཁབ་སྟོབས་འབྱོར་གྱི་གཞི་རྩ་དང་བདེ་འཇགས་ཀྱི་གནད་འགག་ཡིན། ང་ཚོས་ངེས་པར་དུ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྒུལ་ཤུགས་སྩོལ་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས།ཚན་རྩལ་རང་བདག་རང་སྟོབས་ཀྱི་ཐད་ནས་སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། སྔར་ལས་མང་བའི་ཚན་རྩལ་གསར་པ་དང་ཐོན་ལས་གསར་པ་འབྱུང་བར་སྐུལ་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་སྒོ་འབྱེད་པ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་དགེ་མཚན་གསར་པ་ཆགས་པ་བཅས་བྱེད་དགོས།

ཚེས28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་མེང་ཧུའེ་དང་ཧྲེང་ཀྲང་ཝང་ཀྲུང་ལིན་གྱི་ཕེབས་རོགས་འོག ཝུའུ་ཧན་གྱི་ཁེ་ལས་དང་སྡེ་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།

ཞི་ཅིན་ཕིང་ཐོག་མར་ཝུའུ་ཧན་ཧྭ་ཀུང་སྐུལ་འོད་བཟོ་སྐྲུན་ཚད་ཡོད་འགན་ལེན་ཀུང་སི་རུ་ཕེབས་ནས་རྟོག་ཞིབ་མཛད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཕྱོགས་བསྡུས་ཐོག་ཁང་དུ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་འོད་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་དང་སྲོག་ཤིང་ལག་རྩལ་འགག་སྒྲོལ་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་། འདུས་སྙིང་ཐོན་ལས་གསར་གཏོད་གྲུབ་འབྲས་ཀྱི་འགྲེམ་སྟོན་ལ་ཞིབ་ཏུ་གཟིགས།ཞི་ཅིན་ཕིང་གིས་བསྟན་དོན། འོད་གློག་རྡུལ་ཆ་འཕྲིན་ཐོན་ལས་ནི་རྒྱ་ཁྱབ་ཏུ་བེད་སྤྱོད་པའི་འཐབ་ཇུས་ཚན་རྩལ་མཐོ་བའི་ཐོན་ལས་ཡིན་ལ། རང་རྒྱལ་གྱིས་ཆ་རྐྱེན་འཛོམས་པའི་ཐོག་སྔོན་ལ་ཐོད་བརྒལ་བྱས་པའི་ཚན་རྩལ་མཐོན་པོའི་ཐོན་ལས་ཀྱང་ཡིན། ཧུའུ་པེ་ཝུའུ་ཧན་ཏུང་ཧུའུ་ལག་རྩལ་གསར་པའི་གསར་སྤེལ་ཁུལ་ནི་འོད་གློག་རྡུལ་ཆ་འཕྲིན་ཐོན་ལས་ཁྱབ་ཁོངས་སུ་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ཡོད་པ་ཞིག་ཡིན། ལག་རྩལ་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་ལ་ཤུགས་སྣོན་དགོས་ལ། སྔར་ལས་མང་བའི་རང་བདག་ཤེས་བྱའི་རྒྱུ་དབང་ཡོད་པའི་སྲོག་ཤིང་ལག་རྩལ་ལག་ཏུ་འཛིན་པ་དང་།གསར་སྐྲུན་སྦྲེལ་ཐག་རྒྱ་བསྐྱེད་དང་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། རང་རྒྱལ་གྱི་འོད་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དུ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས། རང་རྒྱལ་གྱི་འཕེལ་རྒྱས་རྒྱ་བསྐྱེད་པ་དང་བསྟུན་ནས། “མིད་པ་བཙིར་བའི”གནད་འགག་སྲོག་ཤིང་ལག་རྩལ་གྱི་ཐོད་བརྒལ་ནི་སྐད་ཅིག་ལ་ཡང་སྒུག་མི་རུང་བར། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ལམ་ལུགས་ཀྱི་དགེ་མཚན་གསར་པ་འདོན་སྤེལ་དང་། རྩལ་དགུ་སྤྲུགས་ནས་འབད་བརྩོན་རྒྱུན་མཐུད་བྱས་ཏེ། ཚན་རྩལ་རང་བདག་རང་སྟོབས་མངོན་འགྱུར་འབྱུང་བ་ཇེ་མགྱོགས་སུ་གཏོང་དགོས།

ཞི་ཅིན་ཕིང་སྔ་གཞུག་ཏུ་ཁེ་ལས་སྐུལ་འོད་ཚན་རྩལ་ཁང་དང་ཕྱེད་འདྲེན་གཟུགས་ངོས་པང་ལེབ་སྐུལ་འོད་རིག་ནུས་སྒྲིག་ཆས་ཐོན་སྐྱེད་ཁང་དུ་ཕེབས་ནས། སྐུལ་འོད་ལག་རྩལ་ཐོན་ལས་བེད་སྤྱོད་འགྲེམ་སྟོན་དངོས་པོར་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐོ་རིམ་བཟོ་སྐྲུན་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཡིན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་གསར་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་པ་དང་། རྒྱལ་ཐོན་ཅན་གྱི་ཚབ་བྱེད་ཐུབ་ཚད་མཐོར་འདེགས་གཏོང་དགོས་ལ། ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་བསྡམས་ཚེ། ད་གཟོད་རྒྱལ་ཁབ་དངོས་གནས་སྟོབས་ལྡན་དུ་འགྱུར་ངེས།

དེའི་རྗེས་སུ་ཞི་ཅིན་ཕིང་ཏུང་ཧུའུ་ཀའོ་ཞིན་ཁུལ་ཙུའོ་ལིང་སྲང་ལམ་ཀྲི་ཡོན་སྡེ་ཁུལ་དུ་ཕེབས་ནས་རྟོག་ཞིབ་མཛད། སྡེ་ཁུལ་དེ་ནི་རྒྱལ་དབང་ཁེ་ལས་ར་བ་གཞིས་ཁུལ་དུ་བསྒྱུར་བཅོས་བྱས་པ་ཞིག་ཡིན་ལ། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། རིམ་པ་ལྔ་ཡི་འགན་ལེན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ལས་གནས་སུ་ཕྱིར་ལོག་ནས་ཐོན་ལས་བསྐྱར་གསོ་བྱེད་པ་དེ་འགོག་སྡོམ་དོ་དམ་དང་ཟུང་འབྲེལ་ཡོང་བའི་སྡེ་ཁུལ་བརྟན་བརླིང་གི་འགན་སྲུང་མ་ལག་གྲུབ་པ་དང་། གོ་རིམ་ལྡན་པའི་སྒོ་ནས་སྡོད་དམངས་ཀྱི་འཚོ་བ་དང་བྱ་བ་རྒྱུན་ལྡན་ཅན་དུ་སླར་གསོ་བྱས། ཧུའུ་པེ་ཞིང་ཆེན་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་རིམས་ནད་རྗེས་ཀྱི་སྡེ་ཁུལ་བཅོས་སྐྱོང་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་རྗེས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2020ལོའི་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་བླངས་པའི་ཚུན་དུ། ཝུའུ་ཧན་ལ་ལོ་འདི་གཉིས་ཀྱི་རིང་ལ་ཡང་བསྐྱར་མཉམ་འདུས་རང་བཞིན་གྱི་རིམས་ནད་གནས་ཚུལ་ཐེངས་མང་བྱུང་མོད། འོན་ཀྱང་མགྱོགས་མྱུར་གྱིས་ཚོད་འཛིན་བྱས་ཏེ་བསྐྱར་འཕར་ཆེན་པོ་མ་བྱུང་། ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བསྒྲུབས་པ་ལེགས་ཤིང་། ཉམས་མྱོང་ལ་སྤྱི་སྡོམ་བྱེད་རིན་ཡོད་པ་ཞིག་རེད། ལག་ལེན་ལས་ར་སྤྲོད་བྱུང་བ་ནི། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རིམས་ནད་འགོག་སྡོམ་གྱི་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་དང་ནུས་ལྡན་ཡིན་པས། ངེས་པར་དུ་འགྱུར་བ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་རྒྱུགས་གཞི་ཆེན་མོ་ཞིག་ཡིན། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ལ། ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ནང་ནས་བསྐྱར་འཕར་འབྱུང་བ་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་དང་། དུས་ཚོད་དང་གནས་བབ་ལ་གཞིགས་ནས་རྒྱུན་ཆད་མེད་པར་འགོག་སྡོམ་བྱེད་ཐབས་སྙོམས་སྒྲིག་བྱས་ནས།

(པར་ངོས3པར་མཐུད་པ།)གསར་དུ་ལས་འགན་བཞེས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་རབས་དྲུག་པ་ལི་ཅ་ཁྲའོ་དང་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ། སྲིད་འཛིན་གྲོས་ཚོགས་ཁོངས་མི་བཅས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཞང་ཀང་དར་རྒྱས་བརྟན་བརླིང་ཡོང་བར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་རིགས་མཐུན་སྤུན་ཟླ་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལོ་རྒྱུས་ཡོད་ལ། ཧྭ་ཞ་མེས་པོ་ཡིས་ལིང་ནན་ས་ཆ་འདི་རུ་དཀའ་སྤྱད་རྨོ་འདེབས་བྱས་པ་ཟིན་ཐོར་བཀོད་ཡོད། ཉལ་ཐ་དམག་འཁྲུག་བྱུང་རྗེས་ཀྱི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཁྲོད། ཞང་ཀང་བཙན་གྱིས་བཅད་སྤྲོད་བྱས་ཏེ་བརྙས་བཅོས་མྱངས་པ་ཟིན་ཐོར་བཀོད་ཡོད་པ་དང་། དེ་ལས་ཀྱང་ཀྲུང་ཧྭའི་བུ་དང་བུ་མོས་རྒྱལ་ཁབ་སྐྱོབ་གནས་བྱེད་ཆེད་ངོ་རྒོལ་བྱས་པ་ཟིན་ཐོར་བཀོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་སྒོས་མི་དམངས་ཀྱི་སྣེ་ཁྲིད་ནས་གཟི་བྱིན་འབར་བའི་ལོ་ངོ་བརྒྱའི་འབད་བརྩོན་གྱི་ལོ་རྒྱུས་ཁྲོད། ཞང་ཀང་གི་རིགས་མཐུན་སྤུན་ཟླའི་ཆེད་དུ་བཞག་པའི་དམིགས་བསལ་དང་གལ་ཆེ་བའི་བྱས་རྗེས་ཟིན་ཐོར་བཀོད་ཡོད། ལོ་རྒྱུས་ཡོད་པ་ནས་བཟུང་། ཞང་ཀང་གི་རིགས་མཐུན་སྤུན་ཟླ་ཡིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་ལྷན་དུ་དཀའ་སྡུག་མཉམ་མྱོང་དང་ཁྲག་རྒྱུན་གཅིག་ཏུ་སྦྲེལ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་བའི་བཞེད་དགོངས་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དང་། ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ཀྲུང་དབྱང་སྲིད་གཞུང་གིས་སྒྲུབ་པ་ཐམས་ཅད་ནི་རྒྱལ་ཁབ་ལ་ཕན་པའི་ཆེད་དང་། ཞང་ཀང་དང་ཨའོ་མོན་ལ་ཕན་པའི་ཆེད། ཀང་ཨའོ་ཡི་རིགས་མཐུན་སྤུན་ཟླར་ཕན་པའི་ཆེད་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་གྱི་ཞིབ་དཔྱད་ཐེངས་མང་བརྒྱུད་ཡོད་ལ། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། ཞང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་པས། མེས་རྒྱལ་གྱི་མི་དམངས་དུང་ཕྱུར14ཡི་ཤུགས་ཆེན་པོའི་རྒྱབ་སྐྱོར་ཐོབ་པ་དང་། ཞང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ཀྱིས་མཐའ་གཅིག་ཏུ་གོང་བཀུར་བྱེད་ཀྱིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཏུ་མོས་མཐུན་ཡང་བྱུང་ཡོད། འདི་ལྟ་བུའི་ལམ་ལུགས་བཟང་པོ་ནི་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡང་མེད་པར། ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཞང་ཀང་གི་ཕུན་སུམ་ཚོགས་པའི་ལག་ལེན་གྱིས་ང་ཚོར་ཉམས་མྱོང་རྩ་ཆེན་མང་པོ་བཞག་ཡོད་པར་མ་ཟད། གཏིང་ཟབ་པའི་བློ་འབྱེད་ཀྱང་མི་ཉུང་བ་བཞག་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཆོས་ཉིད་གཏིང་ཟབ་པའི་སྒོ་ནས་གོ་བ་ལེན་པ་དང་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཚེ། ད་གཟོད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་དུས་ནམ་ཡང་ཡང་དག་པའི་ཕྱོགས་སུ་འཁོར་ནས་བརྟན་བརླིང་གིས་རྒྱང་རིང་པོར་བསྐྱོད་ཐུབ།

དང་པོ། ངེས་པར་དུ་ཕྱོགས་ཡོངས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཡང་དག་པས་ལག་ལེན་མཐར་ཕྱིན་བྱེད་དགོས། གཉིས་པ། ངེས་པར་དུ་ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་དོ་དམ་བཅོས་སྐྱོང་དབང་ཆ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱེད་པ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གསུམ་པ། ངེས་པར་དུ“རྒྱལ་གཅེས་པས་ཞང་ཀང་སྐྱོང་པ”དོན་འཁྱོལ་བྱེད་དགོས། བཞི་པ། ངེས་པར་དུ་ཞང་ཀང་གི་དམིགས་བསལ་གྱི་གོ་གནས་དང་ལེགས་ཆ་རྒྱུན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རེ་བ4བཏོན། གཅིག་ནི་ཤུགས་ཡོད་རྒུས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་ཅི་ཐུབ་བྱེད་པ་དང་།སྲིད་བཟང་ལེགས་སྐྱོང་གི་རྣམ་པ་གསར་པ་མངོན་དགོས། གཉིས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་འགུལ་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཞང་ཀང་སྤྱི་ཚོགས་ཀྱི་གསང་བའི་གསར་གཏོད་ཀྱི་ནུས་པ་ཆེན་པོ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་སྒོས་གློད་བཀྲོལ་གཏོང་དགོས། གསུམ་ནི་དངོས་གནས་དམངས་འཚོའི་དཀའ་གནད་སེལ་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་འདྲ་མཉམ་སྒོས་གྲོང་དམངས་ཡོངས་ལ་ཁྱབ་དགོས། བཞི་ནི་འཆམ་མཐུན་བརྟན་བརླིང་མཉམ་དུ་སྲུང་སྐྱོང་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱད་པར་དུ་ན་གཞོན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། ན་གཞོན་ལ་སྣེ་ཁྲིད་ནས་རྒྱལ་ཁབ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱེད་པ་དང་། མི་རིགས་ཀྱི་རང་སྤོབས་སྣང་བ་དང་བདག་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། རྒྱ་ཆེའི་ན་གཞོན་ཚོ་སློབ་གཉེར་དང་ལས་ཞུགས། གསར་གཏོད། ལས་སྒྲུབ་བཅས་ལ་འཕྲད་པའི་དོན་དངོས་དཀའ་ཁག་ལ་རོགས་སྐྱོར་བྱེད་པ་དང་། ཁོ་ཚོ་འཚར་ལོངས་དང་འཇོན་ཐང་ལྡན་པར་འགྱུར་བར་གོ་སྐབས་སྔར་ལས་མང་པོ་བསྐྲུན་དགོས། རེ་བ་ནི་ཞང་ཀང་གི་ན་གཞོན་རེ་རེ་ཚང་མ་མཛེས་སྡུག་གི་ཞང་ཀང་འཛུགས་སྐྲུན་བྱེད་པའི་དཔུང་གྲལ་དུ་ཞུགས་པ་དང་། ཤུགས་དྲག་པའི་ལང་ཚོའི་གཟི་འོད་ཀྱིས་མཚར་སྡུག་གི་མི་ཚེའི་རི་མོ་འབྲི་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་བཞུད་ལམ་དུ་ཞུགས་ཟིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་ནས་སྐུལ་སྤེལ་བྱས་ཏེ་ལག་ལེན་ལམ་ལྷོང་བྱུང་བ་ནི་ལོ་རྒྱུས་འཕེལ་རིམ་འདིའི་གྲུབ་ཆ་གལ་ཆེན་ཡིན། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་ནི་རླབས་ཆེ་བའི་མེས་རྒྱལ་གྱི་རྒྱབ་སྐྱོར་བརྟན་པོ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཀྱི་བརྟན་བརླིང་གི་འགན་སྲུང་ཡོད་ན། རང་རྒྱལ་གྱི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པའི་སྟེང་། ཞང་ཀང་གིས་སྔར་ལས་ཆེ་བའི་གཟི་འོད་ངེས་པར་གསར་གཏོད་བྱེད་ཐུབ་ལ། ངེས་པར་མེས་རྒྱལ་མི་དམངས་དང་ལྷན་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་མཉམ་སྤྱོད་བྱེད་ཐུབ།

ལི་ཅ་ཁྲའོ་ཡིས་ཤིས་ཚིག་ཁྲོད་བཤད་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་རབས་དྲུག་པ་ཡིན་པའི་ཆ་ནས།ང་ལ་བླ་མེད་ཀྱི་གཟི་བརྗིད་སྐྱེས་ཡོད་ལ།འགན་འཁྲི་ཤིན་ཏུ་ལྕི་བ་ཡང་རྟོགས་ཡོད། ངས་དོ་དམ་བཅོས་སྐྱོང་རུ་ཁག་གི་སྣེ་ཁྲིད་ནས་འབད་བརྩོན་ལྷོད་མེད་བྱས་ཏེ། ཞང་ཀང་གི་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་དང་། ཕྱོགས་ཡོངས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཞང་ཀང་པས་ཞང་ཀང་སྐྱོང་བ”དང་ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ཡང་དག་པས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་ཏེ། ཞང་ཀང་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བར་ཁག་ཐེག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་རྒྱུ་ཞེས་བསྟན། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།