ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཉམ་ལས22%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་དུ་བརྟན་བརླིང་ངང་འཕར་བ་རྒྱུན་འཁྱོངས་བྱས་ཡོད། ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར23653.6ཟིན་པ་དེ་དུས་མཉམ་ལས22%འཕར་ཡོད། དེའི་ནང་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར11517.9ཟིན་པ་དེ་དུས་མཉམ་ལས26.3%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར12135.7ཟིན་ནས་དུས་མཉམ་ལས18.2%འཕར་ཡོད། ཞབས་ཞུ་ཕྱིར་གཏོང་གི་འཕར་ཚད་དེ་ནང་འདྲེན་ལས་བརྒྱ་ཆའི་གྲངས8.1གིས་མཐོ་བ་དང་། ཞབས་ཞུའི་ཚོང་དོན་གྱི་ལྡོག་ཁྱད་སྒོར་དུང་ཕྱུར617.8ཆག་པར་སྐུལ་ཁྲིད་བྱས་ཡོད། ཟླ་ལྔ་པར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་4562.8ཟིན་པ་དེ་དུས་མཉམ་ལས22.2%འཕར་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་བརྟན་བརླིང་ངང་འཕར་ཡོད། ཟླ་དང་པོ་ནས་ལྔ་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར9886.7ཟིན་ནས་དུས་མཉམ་ལས10%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་སྒོར་དུང་ཕྱུར5602.4ཟིན་ནས13.6%འཕར་བ་དང་། ཕྱིར་གཏོང་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུ། ཚོང་ལས་ཞབས་ཞུ་གཞན་དག་ཡིན་པ་དེ་སོ་སོར18.5%དང13.2%འཕར་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར4284.3ཟིན་ནས5.6%འཕར་བ་དང་། ནང་འདྲེན་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་འགན་བཅོལ་ཞབས་ཞུ་ཡིན་པ་དང་འཕར་ཚད74.2%ལ་སླེབས་ཡོད།

ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་པར་སླར་གསོ་བྱུང་ཡོད། ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར3308.4ཟིན་པ་དེ་དུས་མཉམ་ལས7.7%འཕར་ཡོད། ཡུལ་སྐོར་ཞབས་ཞུ་ཕུད་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན24.7%འཕར་བའི་ནང་ཕྱིར་གཏོང28.1%འཕར་བ་དང་ནང་འདྲེན20.8%འཕར་བ་དང་།2019ལོའི་དུས་མཉམ་དང་བསྡུར་ན་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན49%འཕར་ཞིང་། ཕྱིར་གཏོང65.2%འཕར་བ་དང་ནང་འདྲེན32.8%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།