ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་ལྔ་བ་ཟླ7པའི་ཟླ་སྨད་ལ་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་ལྔ་བ་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་དུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ཞིང་། གླེང་སྟེགས་ཀྱིས“གསར་གཏོད་ལ་བརྟེན་ནས་འཕོ་འགྱུར་གསར་བར་སྐུལ་འདེད་དང་གྲངས་འཛིན་གྱིས་རྣམ་པ་གསར་བར་སྣེ་ཁྲིད་བྱེད”ཅེས་པ་བརྗོད་གཞིར་བྱས་ཏེ། གྲོགས་ཚོམས་རྒྱ་སྐྱེད་པ་དང་། མཐོ་གསར་ལག་རྩལ་འགྲེམ་སྟོན་བྱེད་པ། སྦྲིན་རྩིས་ཞབས་ཞུ་རིམ་སྤར་བྱས་ཏེ། ཤེས་རིག་ཅན་ཇེ་མཐོར་གཏོང་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། མཐོ་རིམ་གླེང་སྟེགས་ལ་གཙོ་བོ་མགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་བ། སྲིས་ཇུས་ཁྱབ་བསྒྲགས། གྲུབ་འབྲས་འགྲེམ་སྟོན། གྲངས་འཛིན་ཐོན་རྫས་དངོས་མང་སྟོན་ཚོགས། གསར་གཏོད་འགྲན་བསྡུར། དྲ་ཐོག་གི་སྐྱེ་ཁམས་ཚོགས་ཆེན་སོགས་ནང་དོན8འདུས། དེའི་ཁྲོད། གྲུབ་འབྲས་འགྲེམ་སྟོན་ལ“གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྲུབ་འབྲས་སྐོར་ཞིབ”ཆེད་དོན་འགྲེམ་སྟོན་བཀོད་སྒྲིག་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རིང་གི་གྲངས་འཛིན་ཀྲུང་གོའི་འོད་སྟེང་འཕྲོ་བའི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ་དང་། གྲངས་འཛིན་ཐོན་རྫས་དངོས་མང་སྟོན་ཚོགས་ཀྱིས“གྲངས་འཛིན་ཐོན་རྫས་ཉོ་ཚོང་དང་གྲངས་འཛིན་ཐོན་ལས་ཉོ་ཚོང”གི་བྱེད་ནུས་ལ་དམིགས་ཏེ། གྲངས་འཛིན་ཐོན་རྫས་དང་ནང་དོན་ཉོ་ཚོང་སྟེགས་བུ་གསར་གཏོད་བྱ་རྒྱུ་རེད། དྲ་ཐོག་གི་སྐྱེ་ཁམས་ཚོགས་ཆེན་གྱིས་དྲ་ཐོག་གི་སྐྱེ་ཁམས་འཐབ་ཇུས་དང་མཉམ་ལས་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཀྱི་ཆ་འཕྲིན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མཐོར་འདེགས་ལ་རོགས་འདེགས་བྱ་རྒྱུ་རེད།

ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། རང་རྒྱལ་གྱི་ཆ་འཕྲིན་ཅན་འཕེལ་རྒྱས་སྲིད་ཇུས་ཁྱབ་བསྒྲགས་སྟེགས་བུ་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ཆེས་གསར་བའི་གྲུབ་འབྲས་འགྲེམ་སྟོན་སྟེགས་བུ། གློག་རྡུལ་སྲིད་དོན་དང་གྲངས་འཛིན་དཔལ་འབྱོར་གཞུང་ལུགས་ཉམས་མྱོང་དང་ལག་ལེན་བརྗེ་རེས་སྟེགས་བུ། འཛམ་གླིང་ཡོངས་ཀྱི་མཉམ་ཤུགས་གཅིག་བསྡུས་ཀྱིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་སྟེགས་བུ་བཅས་ལ་གཏན་ཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།