ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་བོད་ལྗོངས་སུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཟླ7པའི་ཚེས1ཉིན་ནས་ཚེས4ཉིན་བོད་རང་སྐྱོང་ལྗོངས་སུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་མཐའ་གཅིག་ཏུ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་མགྱོགས་མྱུར་གཏོང་བ། གཞི་ཁྱོན་ཅན་གྱི་དབུལ་བོ་བསྐྱར་ལོག་མི་འབྱུང་བ་བཅས་བྱས་ནས་དབུལ་ཐར་མང་ཚོགས་ཀྱི་འཚོ་བར་འཕེལ་རྒྱས་གསར་བ་འབྱུང་བར་འབད་བརྩོན་བྱེད་དགོས་པར་བསྟན། 

བོད་ལྗོངས་སུ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ། ས་བབ་མཐོ་བའི་ས་ཁུལ་བཅས་གཞི་གཅིག་དུ་བསྡུས་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ཞན་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་བྱེད་པའི་ལས་འགན་ཧ་ཅང་ལྕི་མོ་ཡོད། ཧུའུ་ཁྲུན་ཧྭ་སྔ་གཞུག་ཏུ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་དང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་། ཞིང་ཁ་དང་མུ་ཁར་བསྐྱོད་དེ། དབུལ་ཐར་ཁྱིམ་ཚང་དང་ཡུལ་གཞན་གནས་སྤོར་སྡེ་ཁུལ། ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས། སློབ་གྲྭའི་སྨན་ཁང་སོགས་སུ་ཕེབས་ནས་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་། ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། 

ཧུའུ་ཁྲུན་ཧྭ་ཡིས་དབུལ་ཐར་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་དོན་འཁྱོལ་བྱ་རྒྱུ་དང་། དབུལ་ཐར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་དུ་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་དེང་རབས་ཀྱི་ཞིང་ཕྱུགས་ལས་སྟོབས་ཆེན་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་དང་། འཁོར་རྒྱུག གྲོང་གསེབ་ཡུལ་སྐོར་བཅས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེན་དུ་གཏོང་བ་བཅས་བྱས་ནས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་གཏོང་དགོས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།