ཀྲུང་གོ་བོད་ཀྱི་དྲ་བ།

ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་རྣམ་གྲངས་ཉིང་ཞ་རུ་གཅིག་བསྡུས་ཀྱིས་མིང་རྟགས་བཀོད་པ་དང་རྣམ་གྲངས136ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར27ཙམ་ཟིན་ཡོད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ལས་དོན་སྐུལ་འདེད་ཚོགས་འདུ་ཉེ་ཆར་ཉིང་ཞ་རུ་འཚོགས་པ་དང་། ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་རྣམ་གྲངས136ལ་ཚོགས་འདུའི་སྟེང་གཅིག་བསྡུས་ཐོག་མིང་རྟགས་བཀོད་པ་དང་། བསྡོམས་པས་གན་འཇོག་མ་དངུལ་སྒོར་དུང་ཕྱུར27ཙམ་ཟིན་ཡོད་པ་རེད།

དེའི་ནང་ཉིང་ཞ་དང་པེ་ཅིང་། ཧྲང་ཧའེ། ཅང་སུའུ་སོགས་ས་ཁུལ་དབར་རྣམ་གྲངས45ཡི་གན་རྒྱ་གསར་པ་བཞག་པ་དང་། ནང་སོག་གིས་པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་སོགས་ས་ཁུལ་དང་གན་རྒྱ25གསར་དུ་བཞག་ལ། ཀུའེ་ཀྲོའུ་ཡིས་རྣམ་གྲངས3ལ་གསར་དུ་མིང་རྟགས་བཀོད། ཡུན་ནན་གྱིས་གསར་དུ་གན་རྒྱ་ཁག5བཞག་ཅིང་། བོད་ལྗོངས་ཀྱིས་གསར་དུ་གན་རྒྱ་ཁག5བཞག ཀན་སུའུ་ཡིས་གསར་དུ་གན་རྒྱ་ཁག9བཞག མཚོ་སྔོན་གྱིས་རྣམ་གྲངས20ལ་གསར་དུ་གན་རྒྱ་བཞག ཞིན་ཅང་གིས་རྣམ་གྲངས19དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་རྣམ་གྲངས5ལ་གསར་དུ་མིང་རྟགས་བཀོད་པ་རེད།

ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་དེ་ས་ཁོངས་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་དང་། འཕེལ་རྒྱས་དོ་སྙོམས་མེད་པ་དང་འཕེལ་རྒྱས་གང་ལེགས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། 2017ལོར་ཚན་རྩལ་པུའུ་ཡི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག ཉིང་ཞ་ཡིས་ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ལམ་སྲོལ་བཙུགས་ནས“སྲིད་གཞུང་གིས་ཤེས་ལྡན་པ་ནང་འདྲེན་བྱེད་པ”དང“ཁེ་ལས་ཀྱིས་བློ་རིག་ནང་འདྲེན་བྱེད་པ”ཟུང་འབྲེལ་བྱས་ཏེ། མིག་སྔར་ཞིང་ཆེན20ལྷག་ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ནང་ཞུགས་པར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།