ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཧྥི་ལི་པིན་གྱི་གསར་དུ་བདམས་པའི་ཙུང་ཐུང་མ་ཁི་སིའི་འགན་བཞེས་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཧྥི་ལི་པིན་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཧྥི་ལི་པིན་གྱི་རྒྱལ་ས་མ་ཉི་ལ་ནས་བསྡུས་པའི་ཧྥི་ལི་པིན་གྱི་གསར་དུ་བདམས་པའི་ཙུང་ཐུང་མ་ཁི་སིའི་འགན་བཞེས་མཛད་སྒོར་ཞུགས་པར་མ་ཟད་ཐུག་འཕྲད་བྱས།

ཝང་ཆི་ཧྲན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས་པར་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མ་ཁི་སི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ཝང་ཆི་ཧྲན་གྱིས་གསུང་རྒྱུར། ཀྲུང་གོ་དང་ཧྥི་ལི་པིན་བར་ལ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཙུང་ཐུང་ལགས་དང་དེ་མིན་ཁྱོད་ཀྱི་ཁྱིམ་རྒྱུད་ཀྱིས་ཀྲུང་གོ་དང་ཧྥི་ལི་པིན་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཧྥི་ལི་པིན་ནི་མཐའ་འཁོར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་འཇོག་བཞིན་ཡོད་པར་མ་ཟད་ཧྥི་ལི་པིན་སྲིད་གཞུང་གསར་བ་དང་མཉམ་དུ་འགོ་གཙོའི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་མཐུད་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། རྩོད་གཞི་འོས་འཚམ་སྒོས་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་དྲང་བདེན་གླེང་ཕྱོགས་དར་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཛའ་བཤེས་རྒྱུན་འཛིན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྒྱུན་མཐུད་མཉམ་ལས་བྱས་ནས། ཀྲུང་གོ་ཧྥི་ལི་པིན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

མ་ཁི་སི་ཡིས་ཝང་ཆི་ཧྲན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་དང་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་འགན་བཞེས་མཛད་སྒོར་ཞུགས་པར་དགའ་བསུ་ཞུས། མ་ཁི་སི་ཡིས་བཤད་དོན། ཧྥི་ལི་པིན་དང་ཀྲུང་གོའི་འབྲེལ་བ་ཆུ་བོའི་རྒྱུན་བཞིན་རིང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བཤེས་ཟབ་མོ་ཆགས་ཡོད། ཧྥི་ལི་པིན་སྲིད་གཞུང་གསར་བས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་ཀྱིན་ཡོད་པར་མ་ཟད། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་པ་དང་། ཀྲུང་གོ་ཕྱོགས་དང་ལག་རྡང་སྦྲེལ་ཏེ་ས་གནས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།