ཞི་ཅིན་ཕིང་གིས་ལིན་ཀྲེང་ཡུའེ་ཨེ་དང་མཇལ་འཛོམས་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་དང་མཇལ་འཛོམས་གནང་བ་རེད།

1.jpg

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་མཇལ་འཛོམས་གནང་བ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ5ཡི་རིང་ལ། ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་འོག ཁྱོད་ཀྱིས་སྲིད་འཛིན་དཔོན་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ་གཏུམ་འགོག་ཟིང་བཅོས་བྱས་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་སྡོམ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཧུར་ཐག་གིས་འདྲེས་པར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་། ཞང་ཀང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”རྩ་དོན་དོན་འཁྱོལ་དང་། ཞང་ཀང་གི་གནས་བབ་དེ་ཟིང་ཆ་ནས་འཕོ་འགྱུར་ཆེན་པོ་ཡོང་བར་སྐུལ་འདེད་བཏང་བས། དཀའ་སྤྱད་ཀྱི་ལས་དོན་ཧ་ཅང་མང་པོ་བསྒྲུབས་ཤིང་། བྱས་རྗེས་གལ་ཆེན་བཞག་པ་མ་ཟད། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། ལོ་ལྔ་པོ་འདིའི་རིང་གི་ཁྱེད་ཀྱི་ལས་ཀར་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་གནང་ཡོད།

ཞི་ཅིན་ཕིང་གིས་ལིན་ཀྲེན་ཡུའེ་ཨེ་ཡིས་སྐབས་གསར་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་ཧུར་ཐག་གནང་ནས། ཞང་ཀང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

ལིན་ཀྲེན་ཡུའེ་ཨེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་སྔར་བཞིན་རིམས་ནད་ཐོན་པའི་གནས་ཚུལ་འོག་ཞང་ཀང་དུ་ཕེབས་ནས། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཞང་ཀང་ལ་གཟིགས་ཞིབ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་བ་དང་། དེ་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སྤུན་ཟླར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད། ཁོ་མོས་བསྟན་དོན། འདས་ཟིན་པའི་ལོ5ནི་ཞང་ཀང་གི་སྤྱིར་བཏང་མ་ཡིན་པའི་ལོ་5ཡིན་པས། ངས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཡོད་ལ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་གཟིགས་ཞིབ་གནང་བར་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཞང་ཀང་གི་ལས་རིགས་ཁག་གི་འཐུས་མི།ཞང་ཀང་གི་སྒྲིག་ཁྲིམས་དམག་དཔུང་གི་འཐུས་མི། ཞང་ཀང་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་ལས་ཁུངས་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བ་བཅས་དང་སོ་སོར་མཇལ་འཛོམས་གནང་བ་རེད།

2.jpg

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་འགན་འཁུར་བ་དང་མཇལ་འཛོམས་གནང་བ་རེད། 

3.jpg

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་ཞང་ཀང་ལས་རིགས་ཁག་གི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།

4.jpg

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་ཞང་ཀང་གི་སྒྲིག་ཁྲིམས་དམག་དཔུང་གི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།

5.jpg

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་ལས་ཁུངས་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བ་དང་མཇལ་འཛོམས་གནང་བ་རེད།

ཏིང་ཞུའེ་ཞང་དང་ཞུས་ཆི་ལེང་། ཧྲེན་གཡོད་གཡོད། ཝང་དབྱི། ཞ་པའོ་ལུང་སོགས་འབྲེལ་ཡོད་མཇལ་འཛོམས་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེའང་ཀྲེན་དབྱིང་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ། གསར་དུ་བསྐོ་གཞག་བྱ་རྒྱུའི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་བཅས་ཀྱང་འབྲེལ་ཡོད་མཇལ་འཛོམས་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།