ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲུང་པུའུ་ཡིས་ད་ལོར་དམག་ཡོངས་ཀྱི་སློབ་གླིང27གྱིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི1.5བསྡུ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཐན་ཁེ་ཧྥེ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ད་ལོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་གྲྭ27གྱིས་ཞིང་ཆེན31ཏུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི1.5བསྡུ་རྒྱུ་ཡིན་པ་དང་། སློབ་བསྡུའི་སློབ་གླིང་དང་སློབ་གྲྭ། རྒྱུགས་ལེན་ཆ་རྐྱེན། འདེམས་སྒྲུག་གོ་རིམ་བཅས་ནི་ན་ནིང་དང་གཅིག་མཚུངས་ཡིན་ཟེར།

ཐན་ཁེ་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་རབས་གསར་པའི་ཤེས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། 2022ལོའི་དམག་དཔུང་སློབ་གླིང་གིས་སློབ་མ་བསྡུ་བར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་དགོས་མཁོར་གཞིགས་པ་དང་། དཔུང་སྡེའི་དམག་གྲབས་གཡུལ་འགྱེད་ཀྱི་ཤེས་ལྡན་པའི་དགོས་མཁོར་དམིགས་པ། ཁྱབ་ཁོངས་གསར་པར་ནུས་རྩལ་གསར་བ་དང་མཁོ་གལ་ཆེ་བའི་ཆེད་ལས་སློབ་བསྡུའི་གྲངས་འབོར་ཇེ་མང་དུ་གཏོང་བ། སྲོལ་རྒྱུན་དམག་རིགས་ཀྱི་ཆེད་ལས་སློབ་བསྡུའི་གྲངས་འབོར་ཉུང་དུ་གཏོང་བ། ཆེད་ལས་ཁྱབ་ཚུལ་དང་སློབ་བསྡུའི་ཁ་ཕྱོགས། ལག་རྩལ་གྱི་བསྡུར་ཚད་བཅས་སྔར་བས་ལེགས་སྒྲིག་བྱེད་པ། སློབ་བསྡུའི་ལམ་ལུགས་དང་སློབ་བསྡུའི་ལུས་བཤེར་བྱེད་ཐབས། གསོ་སྐྱོང་རྣམ་པ་བཅས་དུས་མཉམ་དུ་བཅོས་སྒྱུར་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མགོ་ཁུངས་ནས་སྤྱོན་ཡོན་གཉིས་ལྡན་གྱི་སྤུས་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་གསར་དར་དམག་མིའི་འཇོན་མི་གསོ་སྐྱོང་བཅས་བྱེད་དགོས། དམག་དཔུང་སློབ་གླིང་གིས་སློབ་མ་བསྡུ་བར་ཕྱོགས་ཡོངས་ནས་ཉི་འོད་བཟོ་འགོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་དུས་ལྟར་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་དང་། ནན་ཏན་གྱིས་སྲིད་ཇུས་དང་ཚད་གཞི། གོ་རིམ་ལྟར་ལག་བསྟར་བྱས་ནས་རང་འགུལ་ངང་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་བཅས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།