ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཧུའུ་ཀྲོའུ་རུ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་གྱོམ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཟླ6པའི་ཚེས29ཉིན་ཧུའུ་ཀྲོའུ་ནས་སྤེལ་མགོ་བརྩམས། གསེར་གྱོམ་ཆེད་ལས་རྒྱལ་ཁབ་ཀྱི་བྱ་འགུལ་གལ་ཆེན་ཡིན་པའི་ཆ་ནས། ཐེངས་འདིའི་གླེང་སྟེགས་རྒྱུན་མཐུད་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་ཞིང་། བརྗོད་གཞི་ནི“གསེར་གྱོམ་རྒྱལ་ཁབ་ཀྱི་རིན་ཐང་ཕྲེང་འབྲེལ་གྱི་འབྱུར་འགྱུར་བསྐྲུན་པ”ཞེས་པ་ཡིན།

ཐེངས་འདིའི་གླེང་སྟེགས་ལ་བསྡོམས་པས་གཙོ་གནད་གླེང་སྟེགས1དང་། ཡན་ལག་གླེང་སྟེགས4། ཐོན་ལས་འབྲེལ་མཐུད་ཚོགས་འདུ1བཅས་བཀོད་སྒྲིག་བྱས་ཡོད། གསེར་གྱོན་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཁག་དང་དངུལ་རྩའི་ལས་ཁུངས། ཚན་ཞིབ་ལས་ཁུངས། ལས་རིགས་མཐུན་ཚོགས། ཐོན་ལས་གླིང་ཁུལ། ཁེ་ལས་མིང་གྲངས་དང་རྒྱལ་སྤྱི་དང་ས་ཁོངས་རང་བཞིན་གྱི་རྩ་འཛུགས་སོགས་འཐུས་མི400ལྷག་ལ་མཐུན་སྦྱོར་དང་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ཡོད།

གཙོ་གནད་གླེང་སྟེགས་སྟེང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས“སྒོ་འབྱེད་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ཏེ། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་ལ་རོགས་སྐྱོར་བྱེད་པ”དང“འབོར་ཆེན་ཚོང་རྫས་ཀྱི་ཐོན་ཚོང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་འབྲེལ་མཐུད་དང་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ”“གནམ་གཤིས་འགྱུར་ལྡོག་ལ་ཧུར་ཐག་སྒོས་ཁ་གཏད་འཇལ་ཏེ་མཉམ་དུ་རྒྱུན་མཐུད་འབྱུང་འགྱུར་བསྐྲུན་པ”སོགས་ཀྱི་བརྗོད་གཞིར་དམིགས་ཏེ་གཙོ་དོན་གཏམ་བཤད་སྤེལ། མཐུན་སྒྲིལ་རིམས་འགོག་དང་གྲངས་འཛིན་དཔལ་འབྱོར། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་ཡན་ལག་གླེང་སྟེགས་སྟེང་། ཚོགས་ཞུགས་འཐུས་མིས་གོང་གི་བརྗོད་གཞིར་དམིགས་ཏེ་གླེང་མོལ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།