ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས། ཁྱེད་ཉིད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ཚུན་དུ། རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་དང་ཞང་ཀང་དར་རྒྱས་དང་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་དགུ་བཏོན་པ་ནི་ཆེས་བླ་མེད་ཀྱི་མཛད་བཟང་ཞིག་རེད། རེ་བ་ཡིན་ན་ཁྱེད་ཉིད་གསར་དུ་བསྐོ་བཞག་བྱས་པའི་སྲིད་འཛིན་དཔོན་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་ལག་ལེན་དང་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

ལེང་ཀྲིན་དབྱིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ལ་ཐུགས་ཁུར་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ནུས་ཤུགས་ཡོད་དགུས་མུ་མཐུད་དུ་ཞང་ཀང་དང་རྒྱལ་ཁབ་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞེས་གསུངས།

ཏིང་ཞུའེ་ཞང་དང་ཞ་པའོ་ལུང་རྣམ་གཉིས་ཀྱང་ཐུག་འཕྲད་ནང་ཞུགས།

ཉིན་དེར། ཞི་ཅིན་ཕིང་གིས་ད་དུང་འབྲེལ་ཡོད་ལས་ཁུངས་ལ་ཆེད་མངགས་མངགས་བཅོལ་གནང་སྟེ། ཞང་ཀང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་ལ་འཚམས་འདྲི་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།