ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་ནོར་སྲིད་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ་ལྔའི་རིང་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར308831.3ཟིན་པ་དེ་དུས་མཉམ་ལས9.2%འཕར་ཡོད། དེའི་ནང་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར175025.4ཟིན་པ་དེ་དུས་མཉམ་ལས11.2%འཕར་བ་དང་། ས་གནས་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར133805.9ཟིན་པ་དེ་དུས་མཉམ་ལས་6.7%འཕར་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར16310.7ཟིན་པ་དེ་ན་ནིང་གི་དུས་མཉམ་གྱི་གཞི་གྲངས་ཅུང་མཐོ་བ་དང་རིམས་ནད་ཀྱི་རྒྱུ་རྐྱེན་གྱིས་དབང་གིས་དུས་མཉམ་ལས6.5%ཆག་ཡོད། དེའི་ནང་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར12322.6ཟིན་པ་དེ་དུས་མཉམ་ལས0.4%འཕར་བ་ཡོད། ས་གནས་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར3988.1ཟིན་པ་དེ་དུས་མཉམ་ལས22.7%ཆག་ཡོད། ཟླ5པའི་ཟླ་མཇུག་བར་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད64.3%ཟིན་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཟླ་སྔོན་མ་ལྔའི་རིང་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི30ལྷག་ཟིན་པ།