ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་འཕྲིན་པུའུ་ཡིས་དེ་རིང་ནས་བཟུང་འཕྲིན་གཏོང་འགྲུལ་རིམ་ཨང་རིས་ཀྱི“སྐར་མའི་རྟགས་ཅན”གྱི་མཚོན་རྟགས་མེད་པར་བཟོ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འཕྲིན་གཏོང་འགྲུལ་རིམ་ཨང་རིས་ཀྱི“སྐར་མའི་རྟགས་ཅན”གྱི་མཚོན་རྟགས་མེད་པར་བཟོས། བཟོ་འཕྲིན་སྡེ་ཁག་གི་དྲྭ་ཚིགས་ཀྱི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་འཕྲིན་པུའུ་ཡི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཕྱི་ནས་ནད་མཆེད་འགོག་པ་དང་ནང་ནས་བསྐྱར་མཆེད་འགོག་པའི”སྐོར་གྱི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་གསལ”གྱི་སྤྱིའི་བྱེད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་རྒྱ་ཆེའི་སྤྱོད་མཁན་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་ཆེད། ཚེས29ཉིན་ནས་བཟུང་འཕྲིན་གཏོང་འགྲུལ་རིམ་ཨང་རིས་ཀྱི“སྐར་མའི་རྟགས་ཅན”གྱི་མཚོན་རྟགས་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།