ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་ཟླ7པའི་ཚེས1ཉིན་ནས་བཟུང་ཡང་བསྐྱར་སྒོ་འབྱེད་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས29ཉིན། གསར་འགོད་པས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་ནས་ཤེས་གསལ་ལྟར་ན། ཟླ7པའི་ཚེས1ཉིན་ནས་བཟུང་རྗེས་དྲན་ཁང་གི་སྒོ་ཡང་བསྐྱར་འབྱེད་རྒྱུ་ཡིན་པ་རེད།

པར་འདི་ནི 2021ལོའི་ཟླ7པའི་ཚེས1ཉིན་པར་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་རེད།

རྒྱུས་ལོན་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་གིས“དངོས་མིང་ལམ་ལུགས་དང་དུས་ཚོད་བཀར་ནས”དྲ་སྟེང་དུ་སྔོན་མངགས་བྱ་ཆོག་ལ། ལྟད་མོ་བས(རྒན་པ་དང་བྱིས་པ་སོགས་འདུ)ཉིན1ནས7གྱི་སྔོན་ལ“ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང”གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ལས་སྔོན་མངགས་བྱ་ཆོག་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།