ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར101ལོན་པའི་སྐབས་འདིར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ》ཞེས་པའི་དཔེ་དེབ་ཀྲུང་གུང་ཏང་ལོ་རྒྱུས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ》ཞེས་པའི་དཔེ་དེབ་རྩོམ་སྒྲིག་བྱས་པ་ནི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེབ་འདིའི་རྩོམ་སྒྲིག་རྩོམ་འབྲི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། རྩོམ་སྒྲིག་ལས་དོན་ལ་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།

དེབ་ཧྲིལ་པོར“དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས”དང་།“སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས”“བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ”“ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ”བཅས་བམ་པོ་བཞི་རུ་དབྱེ་ཞིང་། བསྡོམས་པས་ཡིག་འབྲུ་ཁྲི86དང་པར་རིས455ཡོད།

ལོ་རྒྱུས་ཤེས་རྟོགས་ནི་ལོ་རྒྱུས་རང་རྟོན་གྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དངོས་གཙོའི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་དང་། ཏང་གི་ལོ་རྒྱུས་ལྟ་བ་ངོས་འཛིན་ཡང་དག་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་དུས་རབས་གསར་པའི་མཐོ་ཚད་ནས་ལངས་ཏེ་གཟབ་ནན་དང་ཁྱོན་ཡོངས། དབང་གྲགས་བཅས་ཀྱིས་ཏང་གི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་དང་། ཏང་ཡོངས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་ཡང་དག་བྱས་པ་མ་ཟད། ཤེས་རིག་ཡར་སྐྱེད་དང་མི་རིགས་མཐུན་སྒྲིལ། ཡིད་ཆེས་ཇེ་བརྟན། སེམས་ཤུགས་ཆེར་སྐྱེད་བཅས་བཏང་བ་རེད། ལག་ལེན་དངོས་ལས་ར་འཕྲོད་བྱུང་བ་ལྟར་ན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་ལོ་རྒྱུས་ལ་ཕྱོགས་བསྡོམས་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་སྔར་ལས་གཏིང་ཇེ་ཟབ་པ་དང་སྔར་ལས་ཁྱབ་རྒྱ་ཇེ་ཆེ་རུ་བཏང་ཞིང་། ཡང་དག་པའི་ཏང་གི་ལོ་རྒྱུས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཐུན་མོང་གི་ལྟ་བ་ཆགས་པར་བྱ་རྒྱུ་ནི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མི་དམངས་ཡོངས། ལྷག་པར་དུ་རྒྱ་ཆེ་བའི་ན་གཞོན་བཅས་ལ་ལོ་རྒྱུས་ཀྱི་རང་རྟོན་བརྟན་པོ་དང་། ལོ་རྒྱུས་ཀྱི་དྲན་འཛིན་སྲ་བརྟན། ཡིད་ཆེས་བརྟན་པོ་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་བསྐྱོད་པར་རྨང་གཞི་གལ་ཆེན་འདིང་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།