ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཚེས28ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་རང་མགོ་རང་ཐོན་ནི་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་བའི་རྨང་གཞི་དང་བདེ་འཇགས་ཀྱི་གནད་འགག་ཡིན། དེ་བས་ང་ཚོས་ངེས་པར་དུ་འཐུས་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གྱི་སྲོག་རྩ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས། ཚན་རྩལ་རང་མགོ་རང་ཐོན་གྱི་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། ལག་རྩལ་གསར་བ་དང་ཐོན་ལས་གསར་བ་སྔར་ལས་མང་པོ་འབྱུང་བར་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་དང་འགྲན་རྩོད་གསར་བ་གསར་སྤེལ་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་དགེ་མཚན་གསར་བ་གྲུབ་པར་བྱེད་དགོས།  །

1128787372_16564825046101n.jpg

1128787372_16564825098501n.jpg

1128787372_16564825156031n.jpg

1128787372_16564825203861n.jpg

1128787372_16564825257551n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།