ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་དམངས་སྲིད་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམངས་སྲིད་པུའུ་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་ར་གཙོ་བོར་འགན་ལེན་བྱེད་པ། ལས་ཞུགས་ཀྱི་གཞི་རྩའི་ལས་དོན་བརྟན་པོ་ཡོང་བར་བྱེད་པ། དམངས་འཚོར་འགན་ལེན་ཏན་ཏིག་བཅས་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་དུ་དམངས་སྲིད་པུའུ་ཡིས་བྱ་བའི་སྙན་ཞུ་ཕུལ། ལི་ཁེ་ཆང་གིས་བཤད་རྒྱུར། འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་ཆེད་ཡིན་པ་དང་དཀའ་ངལ་ཇི་ཙམ་ཡོད་ན་དེ་ཙམ་གྱིས་དམངས་འཚོའི་ཁྱབ་ཁོངས་ཁག་གི་ལས་དོན་ཡག་པོ་བསྒྲུབ་དགོས། རིམས་ནད་བྱུང་བ་དང་གནོད་འཚེ་སྣ་མང་བྱུང་བ་སོགས་ཀྱི་དབང་གིས་དཀའ་ངལ་ཡོད་པའི་མང་ཚོགས་སྔར་ལས་ཇེ་མང་དུ་ཕྱིན་ཡོད། འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཤོར་མི་སྣ་དང་མ་མཐའི་འཚོ་བའི་འགན་ལེན་ནང་འཇུག་དགོས་པའི་མི་སྣ། གནས་སྐབས་དཀའ་ངལ་འཕྲད་པའི་མི་སྣ་སོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ཏེ། ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པ་དང་འགན་ལེན་བྱེད་དགོས་ངེས་ཀྱི་རིགས་ལ་ཅིས་ཀྱང་འགན་ལེན་བྱེད་པ་དང་། སྒྲུབ་དགོས་ངེས་ཀྱི་རིགས་ཚང་མར་འགན་ལེན་བྱས་ནས་ཀུན་སྤྱོད་ཀྱི་ཚད་མཐའ་ལས་བརྒལ་བའི་གནས་ཚུལ་མི་འབྱུང་བར་བྱེད་དགོས། གཞི་ཁྱོན་ཆེ་བའི་ངང་ནས་དབུལ་བོ་བསྐྱར་ལོག་གི་གནས་ཚུལ་མི་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། ལོ་ངོ་འདི་དག་གི་རིང་ལ། རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་བརྒྱ་ཆའི་བདུན་ཅུ་ཡན་དམངས་འཚོའི་ཕྱོགས་སུ་བཀོལ་བཞིན་ཡོད་ཅིང་། སྲིད་གཞུང་རིམ་པ་ཁག་གིས་འཚོ་བ་དམ་པོ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་ཁུར་ནས་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་དགོས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཝང་ཡུང་ཐེངས་འདིའི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།