​ཞི་ཅིན་ཕིང་གིས་འབྲུ་འདེབས་དུད་ཆེན་ལ་འཕྲིན་ལན་སྤྲིངས་ཏེ་སྐུལ་ལྕག་གནང་བ།

རྒྱ་ཆེའི་འབྲུ་འདེབས་དུད་ཚང་ཆུང་གྲས་ལ་སྐུལ་ཁྲིད་བྱས་ཏེ་ལོ་ཏོག་སྣ་མང་འདེབས་པ་དང་འབྲུ་རིགས་ཡག་པོར་བཏབ་ནས།

མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྟོབས་ཤུགས་འབུལ་དགོས།

ཡིག་ལན།

བློ་མཐུན་ཞུས་ཚུང་ཞང་།

སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ངས་ཨན་ཧའེ་ཐའེ་ཧོའི་འབྲུ་རིགས་འདེབས་མཁན་འཇོན་ཐང་ཅན་ཁྱོད་ངོ་ཤེས་ཀིན་ཡོད། ཁྱེད་ཚང་གིས་བཏབ་པའི་འབྲུ་རིགས་ལ་ལོ་ལེགས་བྱུང་བ་དང་། བུ་ཚ་ཡང་ཁྱེད་དང་མཉམ་དུ་ཞིང་ལས་གཉེར་བ་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་།

མཛོད་དུ་འབྲུ་རིགས་ཡོད་པས་སེམས་ལ་དངངས་སྐྲག་མི་སྐྱེས། འབྲུ་རིགས་ཐོན་སྐྱེད་ལ་ངས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཀྱང་རྟག་ཏུ་ཞིང་ཁ་དང་རྣང་མར་ལྟ་བར་འགྲོ་གི་ཡོད། ལོ་འདི་དག་རིང་། ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ནང་དམ་པོར་འཛིན་དུ་འཇུག་ཆེད་དང་། འབྲུ་རིགས་འདེབས་པའི་ཞིང་པར་དངུལ་ཡོད་པ་དང་དངོས་ཕན་ཐོབ་པར་བྱས་ཏེ། འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་འགྲོ་ཆེད་ཡིན། འབྲུ་འདེབས་དུད་ཆེན་གྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། དེང་རབས་ཞིང་ལས་ཚན་རྩལ་བཀོལ་སྤྱོད་ཧུར་ཐག་བྱེད་པ་དང་། རྒྱ་ཆེའི་འབྲི་འདེབས་དུད་ཚང་ཆུང་གྲས་ཀྱིས་འབྲུ་རིགས་སྣ་ཚོགས་དང་འབྲུ་རིགས་ཡག་པོར་འདེབས་པར་སྐུལ་ཁྲིད་བྱས་ཏེ། མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

ཁྱོད་ཀྱིས་ངའི་ཚབ་བྱས་ཏེ་ཡུལ་མི་ཚོར་འཚམས་འདྲི་ཞུ་ཅིག

ཞི་ཅིན་ཕིང་།

2022ལོའི་ཟླ6པའི་ཚེས27ཉིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ6པའི་ཚེས27ཉིན་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་གི་འབྲུ་འདེབས་དུད་ཆེན་ཞུས་ཚུང་ཞང་ལ་འཕྲིན་ལན་སྤྲིངས་ཏེ་ས་གནས་དེ་གའི་ཡུལ་མི་ཚོར་འཚམས་འདྲི་གནང་བ་དང་འབྲེལ་རྒྱལ་ཡོངས་ཀྱི་འབྲུ་འདེབས་དུད་ཆེན་ལ་ཐུགས་རེ་ཟབ་མོ་གནང་བ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཨན་ཧའེ་ཐའེ་ཧོའི་འབྲུ་རིགས་འདེབས་མཁན་འཇོན་ཐང་ཅན་ཁྱོད་ངོ་ཤེས་ཀིན་ཡོད། ཁྱེད་ཚང་གིས་བཏབ་པའི་འབྲུ་རིགས་ལ་ལོ་ལེགས་བྱུང་བ་དང་། བུ་ཚ་ཡང་ཁྱེད་དང་མཉམ་དུ་ཞིང་ལས་གཉེར་བ་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མཛོད་དུ་འབྲུ་རིགས་ཡོད་པས་སེམས་ལ་དངངས་སྐྲག་མི་སྐྱེས། འབྲུ་རིགས་ཐོན་སྐྱེད་ལ་ངས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཀྱང་རྟག་ཏུ་ཞིང་ཁ་དང་རྣང་མར་ལྟ་བར་འགྲོ་གི་ཡོད། ལོ་འདི་དག་རིང་། ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ནང་དམ་པོར་འཛིན་དུ་འཇུག་ཆེད་དང་། འབྲུ་རིགས་འདེབས་པའི་ཞིང་པར་དངུལ་ཡོད་པ་དང་དངོས་ཕན་ཐོབ་པར་བྱས་ཏེ། འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་འགྲོ་ཆེད་ཡིན། འབྲུ་འདེབས་དུད་ཆེན་གྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། དེང་རབས་ཞིང་ལས་ཚན་རྩལ་བཀོལ་སྤྱོད་ཧུར་ཐག་བྱེད་པ་དང་། རྒྱ་ཆེའི་འབྲི་འདེབས་དུད་ཚང་ཆུང་གྲས་ཀྱིས་འབྲུ་རིགས་སྣ་ཚོགས་དང་འབྲུ་རིགས་ཡག་པོར་འདེབས་པར་སྐུལ་ཁྲིད་བྱས་ཏེ། མཉམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།(ཡིག་ལན་གྱི་ནང་དོན་ཆ་ཚང་ལོགས་སུ་འགོད་རྒྱུ།)

ཞུས་ཚུང་ཞང་ནི་ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཅིའུ་ཞན་གྲོང་རྡལ་ཀྲང་ཁུའེ་གྲོང་ཚོའི་ཞིང་པ་ཞིག་ཡིན་ཞིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ཚན་རིག་ལག་རྩལ་ལ་ཞིབ་འཇུག་བྱེད་ཀྱི་ཡོད། 2010ལོར་སྣེ་ཁྲིད་དེ་ཞིང་ལས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་རིམ་བཞིན་ས་གནས་དེ་གའི་འབྲུ་འདེབས་དུད་ཆེན་དུ་གྱུར་ཞིང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱལ་ཡོངས་ཀྱི་འབྲུ་འདེབས་དཔེ་དམག་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་། 2011ལོའི་ཟླ་4པར་ཞི་ཅིན་ཕིང་ཀྲང་ཁུའེ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས། ཁོ་དང་ཡུལ་མི་ཚོར་གྲོ་བཏབ་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་ཡོད། ཉེ་ལམ་ཞུས་ཚུང་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ་ངོ་བཅུ་ལྷག་གི་རིང་འབྲུ་རིགས་ཐོན་སྐྱེད་དང་མང་ཚོགས་དབུལ་ཐར་ལ་རོགས་འདེགས་བྱས་པ་སོགས་ཀྱི་གནས་ཚུལ་དང་མྱོང་ཚོར་སྙན་ཞུ་ཞུས་པ་དང་། ཞིང་ལས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བའི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས། ཞིང་པ་དེ་བས་མང་པོར་སྐུལ་ཁྲིད་བྱས་ཏེ་འབྲུ་རིགས་སྣ་མང་འདེབས་པ་དང་འབྲུ་རིགས་ཡག་པོར་འདེབས་རྒྱུའི་ཆོད་སེམས་མཚོན་པར་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།