ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས22ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ནས། གཞི་གྲངས་རྨང་གཞིའི་ལམ་ལུགས་གསར་སྐྲུན་བྱས་ཏེ་གཞི་གྲངས་རྒྱུ་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་གྱི་བསམ་འཆར་དང་སྲིད་འཛིན་ཁུལ་གྱི་འཆར་འགོད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར། ཚན་རྩལ་འཇོན་མིའི་གདེང་འཇོག་བཅོས་སྒྱུར་ཚོད་ལྟ་བྱེད་པའི་སྐོར་གྱི་བྱ་བའི་ཇུས་གཞི། གཏོང་སྤྲོད་སྟེགས་བུ་ཁེ་ལས་ཆེན་པོས་གཏོང་སྤྲོད་དང་དངུལ་རྩའི་ཚན་རྩལ་ཚད་ལྡན་བདེ་ཐང་འཕེལ་རྒྱས་ལ་ལྟ་སྐུལ་དོ་དམ་དང་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་བསྟན་དོན། གཞི་གྲངས་ནི་རྣམ་པ་གསར་བའི་ཐོན་སྐྱེད་རྒྱུ་རྐྱེན་ཡིན་པའི་ཆ་ནས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་རྨང་གཞི་ཡིན་པས། མགྱོགས་མྱུར་སྒོས་ཐོན་སྐྱེད་དང་བགོ་བཤའ་རྒྱག་པ། འཁོར་རྒྱུག འཛད་སྤྱོད། སྤྱི་ཚོགས་ཞབས་ཞུའི་དོ་དམ་སོགས་དུམ་ཚན་སོ་སོ་དང་མཉམ་བསྲེས་བྱས་ཤིང་། ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པ། སྤྱི་ཚོགས་བཅོས་སྐྱོང་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རང་རྒྱལ་ལ་གཞི་གྲངས་གཞི་ཁྱོན་དང་གཞི་གྲངས་བཀོལ་སྤྱོད་ཀྱི་ཁྱད་སྟོབས་ལྡན་པས། ང་ཚོས་གཞི་གྲངས་བདེ་འཇགས་བཅའ་ཁྲིམས་དང་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་བྱས་ཏེ། ཧུར་ཐག་སྒོས་གཞི་གྲངས་རྒྱུ་རྐྱེན་ཚོང་ར་ཅན་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་བྱས་པ་དང་། གཞི་གྲངས་གནད་འགག་རྒྱུ་རྐྱེན་ཡིན་པའི་གྲངས་འཛིན་དཔལ་འབྱོར་མྱུར་དུ་གསར་སྐྲུན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཡོངས་ཀྱི་སྲིད་འཛིན་ཁུལ་གྱི་འཆར་འགོད་གསར་འཛུགས་དང་ལེགས་སྒྲིག་བྱ་བ་སྤྱི་ཡོངས་སུ་བརྟན་འཇགས་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བཞིན་ཡོད། ཏང་ཀྲུང་དབྱང་གིས་སྲིད་འཛིན་ཁུལ་གྱི་འཆར་འགོད་བྱ་བའི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་འཛིན་ཁུལ་གྱི་འཆར་འགོད་ཀྱི་བཅོས་སྒྱུར་གལ་ཆེན་དང་སྲིད་ཇུས་གཙོ་བོ། ལེགས་སྒྲིག་གལ་ཆེན་བཅས་ནི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་བྱས་ཇུས་ཆོད་ཡིན། འཐབ་ཇུས་རང་བཞིན་དང་ཁོངས་གཏོགས་རང་བཞིན། རྒྱང་ལྟ་རང་བཞིན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་ཞིང་རྩ་འཛུགས་བྱས་ཏེ་གཏན་འཁེལ་བྱེད་རྩིས་ཡོད་པའི་སྲིད་འཛིན་ཁུལ་གྱི་འཆར་འགོད་ཀྱི་སྤྱིའི་འཆར་འགོད་བསམ་ཕྱོགས་ཞིབ་འཇུག་བྱེད་པ་དང་། སྲིད་འཛིན་ཁུལ་གྱི་འཆར་འགོད་གསར་འཛུགས་ཀྱི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན། ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། སྲིད་འཛིན་ཁུལ་གྱི་འཆར་འགོད་གསར་འཛུགས་དང་ལེགས་སྒྲིག་བྱེད་པ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པར་བྱེད་པ་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཚན་རྩལ་འཇོན་མིའི་གདེང་འཇོག་བཅོས་སྒྱུར་ཚོད་ལྟ་བྱེད་སྐབས། སྤྱོད་ཡོན་གཉིས་ལྡན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འགག་སྒྲོལ་ལས་འགན་ཆེན་པོའི་འགན་འཁུར་བ་དང་དེ་མིན་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག ལག་རྩལ་གསར་སྤེལ། སྤྱི་ཚོགས་སྤྱི་ཕན་ཞིབ་འཇུག་སོགས་ལ་རིགས་བགར་ནས་འཇོན་མིའི་གདེང་འཇོག་ལྟར། ཚན་ཞིབ་བྱ་འགུལ་གྱི་ཁྱད་ཆོས་དང་འཚམ་པའི་གདེང་འཇོག་དམིགས་ཚད་དང་གསར་སྐྲུན་གདེང་འཇོག་རྣམ་པ། མི་བཀོལ་ལས་ཁུངས་ནང་ཁུལ་གྱི་ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་སུ་ཚོད་ལྟའི་ལས་འགན་བཏོན་ནས། བཀོལ་སྤྱོད་དང་ཁྱབ་གདལ་དུ་བཏང་ཆོག་པའི་ནུས་ལྡན་བྱེད་ཐབས་ཆགས་པར་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་ཚོད་ལྟའི་ལས་ཁུངས་ཀྱི་མཛུབ་སྟོན་ལ་ཤུགས་བསྣན་ནས། ཚོད་ལྟའི་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་སྟེགས་བུའི་ཁེ་ལས་ཀྱི་གཏོང་སྤྲོད་དང་དངུལ་རྩའི་བྱ་འགུལ་གཞན་དག་ཚང་མ་ལྟ་སྐུལ་དོ་དམ་ཁྲོད་དུ་བཞག་སྟེ། དངོས་ཕུང་དཔལ་འབྱོར་གཞི་རྩ་ཡིན་པར་ཞབས་འདེགས་ཞུ་བ་དང་། དངུལ་རྩའི་བྱེད་སྒོའི་ཚོང་རྟགས་བདག་གཉེར་རྒྱུན་འཁྱོངས་བྱེད་དགོས་ལ། གཏོང་སྤྲོད་ཁྱབ་ཁོངས་ཀྱི་འཆར་འགོད་ལམ་ལུགས་དང་ཉེན་ཁའི་འགོག་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། དོན་དག་གི་མགོ་རྔ་བར་གསུམ་འབྲེལ་མཐུད་བྱེད་པ་དང་ཁྱབ་ཁོངས་ཡོངས་ལ་ལྟ་སྐུལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།