རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཤིང་། རྒྱུན་ལས་ཨུ་ཡོན་བཅུ་གཉིས་ཀྱིས་ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ལ་དམ་པོར་དམིགས་ནས་གཏམ་བཤད་བྱས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས།

རྒྱུན་ལས་ཨུ་ཡོན་ཚའོ་ཝེ་ཞིན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་དགོས་པའི་དུས་རབས་ཀྱི་ནང་སྙིང་ལ་ངེས་པར་དུ་བལྟ་སྟངས་ནན་མོ་བཟུང་ནས། རིམ་པ་མང་བ་དང་ཚད་གཞི་མང་བའི་རྒྱལ་ཁབ་ས་ཆའི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་འབད་པས་བསྐྲུན་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཡི་ལྷད་མེད་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་ལུའུ་ཀྲུང་མའེ་ཡིས། ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་འཆར་འགོད་ནང་འཇུག་རྒྱུ་དང་། རྒྱུན་མཐུད་འཕེལ་རྒྱས་ལས་དོན་གྱི་གཙོ་གནད་དུ་བཟུང་ནས། འོས་འཚམས་ཀྱི་ཁྲིམས་གཞུང་ཅན་གྱི་བྱེད་ཐབས་སྤྱད་དེ་ཁྲིམས་སྐྱོང་བྱ་ཐབས་བརྒྱུད་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་མཐའ། ཐོན་ཁུངས་བེད་སྤྱོད་བཅས་ཀྱི་ཚད་གཞི་གཏན་འཁེལ་བྱེད་དགོས་པའི་གྲོས་འགོ་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ་ཡིས་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།