ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་འབྲེལ་ཡོད་ཆ་འཕྲིན་འདི་རུ་གསལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡི“2022ལོའི་མཐོ་རྒྱུགས་ཀྱི་འགན་སྲུང་བྱ་འགུལ”ཀྱི་བཀོད་སྒྲིག་ལྟར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོ་རུ་མཐོ་རྒྱུགས་ཀྱི་མོས་འདུན་རེའུ་མིག་སྐོང་བའི་དུས་ཚོད་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཐོག “2022ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་དྲ་སྟེང་གི་བློ་འདྲིའི་གཟའ་འཁོར”བྱ་འགུལ་ཟླ6པའི་ཚེས22ནས28ཉིན་བར་སློབ་གསོ་པུའུ་ཡི“ཉི་འོད་མཐོ་རྒྱུགས”ཆ་འཕྲིན་སྟེགས་བུའི་སྟེང་སྤེལ་རྒྱུ་རེད། སྟེགས་བུས་དྲི་བ་དྲི་ལན་དང་བརྙན་ལམ་ཐད་གཏོང་བྱེད་ཐབས་གཉིས་མཁོ་འདོན་བྱ་རྒྱུ་དང་། ཉིན་རེའི་དྲི་བ་དྲི་ལན་གྱི་བློ་འདྲིའི་དུས་ཚོད་ནི་ཆུ་ཚོད9ནས་ཆུ་ཚོད17བར་ཡིན། བརྙན་ལམ་ཐད་གཏོང་གི་དུས་ཚོད་བཀོད་སྒྲིག་བྱེད་མིན་མཐོ་རིམ་སློབ་གྲྭ་རང་གིས་གཏན་འཁེལ་བྱས་ཏེ། མཐོ་རིམ་སློབ་གྲྭས་བརྙན་ལམ་ཐད་གཏོང་བྱེད་ཐབས་ལ་བརྟེན་ནས་སློབ་བསྡུའི་དྲིལ་སྒྲོག་དང་བློ་འདྲི་བྱ་རྒྱུར་སྐུལ་འདེད་བྱས་ཡོད་པ་རེད། སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭ་སོ་སོས་དྲ་སྟེང་གི་སློབ་བསྡུའི་དྲིལ་སྒྲོག་ལ་རང་འགུལ་ངང་ཤུགས་བསྣན་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་གནད་ལ་འཁེལ་བ་དང་དུས་ཐོག་ཏུ་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་དགོས།

རྒྱུགས་སྤྲོད་སློབ་མས་སློབ་གསོ་པུའུ་ཡི“ཉི་འོད་མཐོ་རྒྱུགས་ཆ་འཕྲིན་སྟེགས་བུ”ཡི་དྲ་ངོས་དང་། “ཉི་འོད་མཐོ་རྒྱུགས་ཆ་འཕྲིན་སྟེགས་བུ”ཡི་སྐད་འཕྲིན་སྤྱི་སྟེགས། “ཉི་འོད་མཐོ་རྒྱུགས”པའེ་ཏུའུ་བྱ་རིམ་ཆུང་བ་སོགས་ལ་དོ་སྣང་བྱས་ཐོག བློ་འདྲིའི་གཟའ་འཁོར་གྱི་བྱ་འགུལ་ལ་ཞུགས་ཏེ། འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་བརྙན་ལམ་ཐད་གཏོང་བྱ་འགུལ་བཀོད་སྒྲིག་ལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་ཐུབ་པའི་དུས་མཚུངས་སུ། བློ་འདྲིའི་ལས་ཕྱོད་ཆེ་རུ་གཏོང་ཆེད། རྒྱུགས་སྤྲོད་སློབ་མ་གདན་ཞུ་བྱས་ཏེ་སྔོན་ལ་མཐོ་རིམ་སློབ་གྲྭ་སོ་སོས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ལ་བལྟས་ནས་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།