ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས།ཞི་ཅིན་ཕིང་དང་ལི་ཀྲན་ཧྲུའུ། ཝང་དབྱང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་བའི་བང་སོར་ཕེབས་ནས་སྐུ་གདུང་ལ་ཞལ་གྱེས་ཞུས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས།

ཞི་ཅིན་ཕིང་དང་ལི་ཀྲན་ཧྲུའུ། ཝང་དབྱང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་བའི་བང་སོར་ཕེབས་ནས་སྐུ་གདུང་ལ་ཞལ་གྱེས་ཞུས་པ།

བློ་མཐུན་ཀྲང་སི་ཆིང་སྙུན་གཞི་ལྕི་མོ་ཕོག་སྐབས་དང་སྐུ་གཤེགས་རྗེས་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་རྣམས་སྨན་ཁང་དུ་འཚམ་འདྲིར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་དེ་བློ་མཐུན་ཀྲང་སི་ཆིང་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་སེམས་གསོའི་འཚམ་འདྲི་ཞུས།

1.jpg

ཟླ6པའི་ཚེས21ཉིན། བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་བའི་བང་སོ་ཁང་དུ་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་ལི་ཀྲན་ཧྲུའུ། ཝང་དབྱང་སོགས་པ་པའོ་ཧྲན་དུ་ཕེབས་ནས་ཞལ་གྱེས་ཞུས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཀྲང་སི་ཆིང་གི་ནང་མིར་བྱམས་བརྩེའི་འཚམ་འདྲི་གནང་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་རྒྱལ་གྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པ་དང་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཞིབ་དཔྱོད་དཔོན་ཀྲང་སི་ཆིང་གི་སྐུ་གདུང་ཚེས21ཉིན་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་བའི་བང་སོ་ཁང་དུ་ཞུགས་འབུལ་བྱས་པ་རེད།

བློ་མཐུན་ཀྲང་སི་ཆིང་ལ་ནད་གཞི་ཕོག་ནས2022ལོའི་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད1དང་སྐར་མ52སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ90རེད།

བློ་མཐུན་ཀྲང་སི་ཆིང་སྙུན་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་འཚམ་འདྲིར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་དེ་བློ་མཐུན་ཀྲང་སི་ཆིང་སྐུ་གཤེགས་པར་ཡིད་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོའི་འཚམ་འདྲི་གནང་བ་རེད།

ཚེས21ཉིན་གྱི་སྔ་དྲོར། པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་བའི་བང་སོའི་ཚོམས་ཆེན་དུ་རྔམ་བརྗིད་ངང་འདས་མཆོད་ཀྱི་རོལ་དབྱངས་ལྷང་ལྷང་དུ་གྲགས་བཞིན་ཡོད། ཚོམས་ཆེན་སྟེང་དུ“ཡིད་ཤིན་ཏུ་སྐྱོ་བའི་ངང་བློ་མཐུན་ཀྲང་སི་ཆིང་ལ་མྱ་ངན་ཞུ”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་བ་དང་། འཕྲེད་འགེལ་སྦྱར་ཡིག་གི་འོག་ཏུ་བློ་མཐུན་ཀྲང་སི་ཆིང་གི་སྐུ་པར་བཀལ་ཡོད། བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་མེ་ཏོག་གསེབ་ཏུ་བཞག་ཡོད་ལ་དེའི་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀེབ་ཡོད།

སྔ་དྲོའི་ཆུ་ཚོད9དང་སྐར་མ40ཙམ་ལ་ཞི་ཅིན་ཕིང་དང་ལི་ཀྲན་ཧྲུའུ། ཝང་དབྱང་སོགས་མྱ་ངན་གྱི་གདུང་དབྱངས་ཁྲོད་། བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་མདུན་དུ་དལ་བུར་ཕེབས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲང་སི་ཆིང་གི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་ཞུས་པ་དང་འབྲེལ་བློ་མཐུན་ཀྲང་སི་ཆིང་གི་གཉེན་ཉེར་འཚམ་འདྲི་ཟབ་མོ་ཞུས་པ་རེད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་རྣམ་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། པེ་ཅིང་དུ་འཚོ་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་འང་ཡུལ་དངོས་ཕེབས་ནས་སྐྱེལ་མ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།