ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཞི་ཅིན་ཕིང་གི《ཏང་གི་ན་གཞོན་ལས་དོན་གླེང་བ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གིས《ཏང་གི་ན་གཞོན་ལས་དོན་གླེང་བ》ཞེས་པ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ།

ཆེད་སྒྲིག་བསྡུས་དེབ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ན་གཞོན་ལས་དོན་སྐོར་གྱི་རྩོམ་ཡིག་གལ་ཆེན60ལྷག་གིས་གྲུབ་ཞིང་། རྩོམ་ཡིག་ཁག་གཅིག་ནི་ཐེངས་དང་པོ་བསྒྲགས་པ་རེད། 

ན་གཞོན་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། ཏང་གི་མ་འོངས་པ་དང་རེ་བ་ཡང་ཡིན། རྒྱ་ཆེའི་ན་གཞོན་གྱི་ཚབ་བྱེད་པ་དང་རྒྱ་ཆེའི་ན་གཞོན་གྱིས་དགའ་བསུ་ཐོབ་པ། རྒྱ་ཆེའི་ན་གཞོན་ལ་བརྟེན་རྒྱུ་ནི་རང་རེའི་ཏང་འདི་རྒྱུན་ཆད་མེད་པར་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་ལ་ཁག་ཐེག་དང་། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ། ཏང་གིས་ན་གཞོན་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་ལོ་རྒྱུས་ཐོག་ཀྲུང་དབྱང་ཏང་གི་ཚོགས་པའི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་འགོད་ཐེངས་དང་པོ་བཏོན་པ། ཏང་གི་ལོ་རྒྱུས་ཐོག་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཡོངས་བསྒྲགས་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡིག་ཆ་ཨང་དང་པོ་འགྲེམས་སྤེལ་བྱས་པ། གུང་གཞོན་ཚོགས་པའི་བཅོས་སྒྱུར་ལ་བཀོད་འདོམས་བྱེད་པ། ན་གཞོན་ལས་དོན་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྐུལ་འདེད་བཏང་། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ན་གཞོན་ལས་དོན་ཐད་སྤེལ་བའི་རྣམ་བཤད་གལ་ཆེན་དང་འབྲེལ་ནས། ཏང་གི་ན་གཞོན་ལས་དོན་གྱི་གནས་བབ་དང་བྱེད་ནུས། དམིགས་ཚད་དང་ལས་འགན། འགན་འཁྲི་དང་ལས་འགན། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པར་ན་གཞོན་གང་འདྲ་ཞིག་གསོ་སྐྱོང་དང་ཇི་ལྟར་གསོ་སྐྱོང་བྱ་རྒྱུ། ཇི་ལྟ་བུའི་གུང་གཞོན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དང་ཇི་ལྟར་གུང་གཞོན་ཚོགས་པ་འཛུགས་སྐྱོང་བྱེད་པའི་ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་བྱ་གཞག་གལ་ཆེན་སོགས་གླེང་བ་མ་ཟད། ང་ཚོས་ཏང་གིས་ན་གཞོན་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ཤེས་རྟོག་ནུས་པ་མཐོར་འདེགས་སུ་བཏང་སྟེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་ནི་དུས་རབས་གསར་བའི་ན་གཞོན་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཞིང་། གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས་ཏེ། རྒྱ་ཆེ་བའི་ན་གཞོན་རྣམས་མཐུན་སྒྲིལ་དང་རྩ་འཛུགས། སྐུལ་སློང་བཅས་བྱེད་པར་སྟབས་བདེ་གང་ལེགས་སྐྲུན་ནས་ལོ་བརྒྱའི་འབད་ཐབས་གཉིས་པའི་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།