ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་ལྔ་པའི་སྟེང་ཕུལ་བའི་ཤིས་ཚིག་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་ལྔ་པའི་སྟེང་ཕུལ་བའི་ཤིས་ཚིག་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་དུ།  རྒྱལ་ཁབ་ཁག་གིས་ཕན་ཚུན་བར་གྱི་འབྲེལ་བ་ཐག་གཅོད་རྒྱུ་དང་ཕྱོགས་གཅིག་པུས་བཀག་སྡོམ་བྱ་རྒྱུ། ཚད་ལས་བརྒལ་བའི་ངང་ནས་གནོན་ཤུགས་སྤྲོད་རྒྱུ་སོགས་ཀྱི་བསམ་སྦྱོར་ཅི་རིགས་འདོར་འོས་ལ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྱབ་རྒྱ་ཡངས་པོར་གཏོང་འདོད་ཡོད། རྒྱལ་སྤྱིའི་མི་སྣས་ཀྲུང་གོ་དང་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་མདུན་ལམ་བསྐྲུན་པ་དང་དཔལ་འབྱོར་འཕར་བའི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།