ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་མོལ་ཚོགས་འདུར་འགོ་འཛིན་མཛད་རྒྱུ་ཡིན་པར་མ་ཟད། གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོ་ལའང་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་པེ་ཅིང་དུ་བསྡུ་འཆར་ཡོད་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པར་འགོ་འཛིན་མཛད་རྒྱུ་རེད། ཐུག་འཕྲད་ཀྱི་ནང་དོན་གཙོ་བོ་ནི། སྤུས་ཚད་མཐོ་བའི་རོགས་རེས་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་སྐྲུན་བྱེད་དགོས་ཞེས་པ་དེ་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་པེ་ཅིང་དུ་བསྡུ་འཆར་ཡོད་པའི། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་མོལ་ཚོགས་འདུར་འགོ་འཛིན་མཛད་རྒྱུ་རེད། གྲོས་མོལ་ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པ་བརྒྱུད་ནས་བསྡུ་རྒྱུ་ཡིན་ལ། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་གསར་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་རེས་འབྲེལ་བ་བཙུགས་ནས། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་གདང་མཉམ་སྦྲེལ་གྱིས་དོན་འཁྱོལ་བྱེད་དགོས་ཞེས་པ་དེ་ཡིན།  གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འབྲེལ་ཡོད་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་མཉམ་དུ་ཚོགས་འདུར་ཞུགས་རྒྱུ་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན།  བརྙན་ལམ་བརྒྱུད་དེ་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་བརྗོད་དོན་གསུང་བཤད་གནང་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།