ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་ཟིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་འགོ་འཛིན་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་ཟིའི་བཞུགས་མོལ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ལ། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་གྱི་དུས་སྔོན་གྱི་རིགས་པས་ཁུངས་སྐྱེལ་དང་དངུལ་གཏོང་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པར་མ་ཟད། གོ་རིམ་རྗེས་མའི་ལས་དོན་གཙོ་བོ་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། འཕེལ་རྒྱས་གཏོང་རྒྱུ་ནི་རང་རེའི་ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་གཙོ་བོ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལྷད་མེད་ཐཱན་ཉུང་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འབད་དགོས། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་ཀྱིན་པའི་གཏན་འཁེལ་མིན་པའི་རང་བཞིན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཕན་འབྲས་ཆེན་པོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་དང་། རིགས་པས་ཁུངས་སྐྱེལ་གཏིང་ཟབ་དང་ཚན་རིག་དང་མཐུན་པར་ཐབས་ཇུས་འཐེན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར་དུ། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཕན་ནུས་ལྡན་པའི་དངུལ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཁོག་དཔལ་འབྱོར་གྱི་གནད་ཆེ་སར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དུས་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རིམ་པ་སོ་སོའི་དངུལ་གཏོང་གཙོ་གཉེར་སྡེ་ཁག་གིས་སྤྱི་འདོམས་ལ་སྔར་ལས་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་ལ་གཟབ་ནན་གྱི་རིགས་པས་ཁུངས་སྐྱེལ་གོ་རིམ་རྒྱུན་འཁྱོངས་བྱས་ནས། ལས་གཞིའི་དུས་འགོའི་ལས་དོན་ཏན་ཏིག་དང་གཏིང་ཟབ། གང་ལེགས་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ནས་ལས་གཞི་གལ་ཆེན་གྲབས་གསོག་ཡག་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་རྒྱུན་མཐུད་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་དང་། ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་ཚད་མཐའ་སྲུང་བ་བཅས་བྱེད་དགོས། སྔོན་ལ་དཔྱད་འཇོག་དང་རྗེས་ལ་ཐབས་ཇུས་འགོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆེད་མཁས་པའི་བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་ནས་ཇུས་གཞི་མང་པོ་དང་ཕྱོགས་མང་གིས་རིགས་པས་ཁུངས་སྐྱེལ་ཞིབ་འཇུག་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་བཀོད་ལས་གཞི་གལ་ཆེན་བརྒྱ་དང་གཉིས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་ཟིས་འགན་འཁྲི་སྔར་ལས་ཡག་པོ་འཁུར་བ་དང་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཁྲོད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ཚོགས་འདུ་མ་བསྡུས་པའི་སྔོན་ལ། ཧན་ཀྲིན་འགྲེམས་སྟོན་ཁང་དུ་སོང་ནས། ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་ཟིའི་ངོ་སྤྲོད་ལ་ཉན་པ་དང་། ཀུང་ཟིས་བློ་འདྲིའི་འགན་འཁུར་བ་དང་དེ་བཞིན་རྩེར་སོན་རིག་མཛོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཧི་ལིས་ཧྥིན་ཐེངས་འདིའི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།