ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དམངས་ཁྲོད་ཀྱི་དངུལ་གཏོང་ལ་རྒྱབ་སྐྱོར་དང་གཅིག་གོ་མང་ཆོད་ཀྱི་ལས་གཞིར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཀོད་སྒྲིག་བྱས་ཏེ། ནུས་ལྡན་གྱི་དངུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་དང་ལས་ཞུགས་ལ་སྐུལ་ཁྲིད་སྔར་ལས་ཡག་པོ་བྱེད་པ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་ལས་བཟོ་པའི་སྨན་བཅོས་འགན་སྲུང་ལས་ཁུངས་ལ་གླ་རིན་སྟེར་བའི་དུས་ཚོད་དུས་རིམ་རང་བཞིན་གྱིས་རྗེས་སུ་བསྣུར་ནས། དཀའ་ངལ་སེལ་བ་དང་ལས་གནས་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་གཏན་ཁེལ་བྱས་ལ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ངང་གླ་རིན་བསྡུ་བའི་ཆེད་དོན་བཅོས་སྤེལ་རྒྱུའི་ཐག་བཅད་པ་དང་། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་བའི་དུས་ཚོད་རྗེས་སུ་བསྣུར་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་སྤྱིའི་བསམ་ཕྱོགས་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། དེང་སྐབས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བ་ནས་རྐང་ཚུགས་པར་བྱེད་རྒྱུ་དང་ཡུན་ཕན་ལ་དམ་པོར་དམིགས་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཚོད་ཀྱི་གལ་ཆེན་རང་བཞིན་དམ་པོར་འཛིན་པ་དང་བར་མཚམས་སྙོམས་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཤུགས་ཚད་ཆེ་རུ་གཏོང་བ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་འདོན་དགོས་ལ། དངུལ་ལོར་འགྲེམས་ཐལ་མི་ཤོར་བ་དང་། མ་འོངས་པར་འགྲོ་སོང་ཚད་བརྒལ་མི་ཡོང་བར་བྱས་ཏེ། ཚོང་ར་གཙོ་བོས་ལས་ཞུགས་འགན་སྲུང་དང་དངོས་གོང་བརྟན་པོ་ཡོང་བར་བྱས་ནས། སྤྱི་ཁོག་དཔལ་འབྱོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་བྱེད་དགོས།

གྲོས་ཚོགས་ནས་ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་ངང་གླ་རིན་བསྡུ་བའི་ཆེད་དོན་བཅོས་སྐྱོང་སྤེལ་ནས། འགྲིམ་འགྲུལ་དངོས་ཟོག་སྐྱེལ་འདྲེན་དང་ཆུ་དང་གློག་ཤུགས། དངུལ་རྩ། ས་གནས་ནོར་སྲིད་དཔལ་འབྱོར། ལས་རིགས་མཐུན་ཚོགས་ཚོང་ཚོགས་དང་མཚམས་སྦྱོར་སྒྲིག་གཞི་སོགས་གཙོ་གནད་དུ་འཛིན་རྒྱུ་ཐག་བཅད། ས་གནས་དང་སྡེ་ཁག་སོ་སོས་རང་བཤེར་རང་བཅོས་དམ་འཛིན་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་ཞིབ་བཤེར་བྱས་ཏེ། བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་དགོས། དུས་མཚུངས་སུ། སྡེ་ཁག་སོ་སོར་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཕྱར་བ་གྲུ་འདེགས་ཀྱི་འདུ་ཤེས་ཡོད་དགོས་ལ། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་སྒོ་རང་བཞིན་གྱི་མ་དངུལ་བསྡུ་བ་དང་འགན་སྲུང་མ་དངུལ་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས། རྩ་དོན་ཐོག་དུས་ཚིགས་གཅིག་འགོར་འགྱངས་བྱས་ནས་འཇལ་དགོས། འཇལ་འགྱངས་ཀྱི་ཞིབ་ཐོ་གཏན་འབེབས་དང་ཁྱབ་སྒྲོག་བྱས་ཏེ། དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་དང་དོན་འཁྱོལ་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།