ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཀུའེ་ཡ་ནའི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ6པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཀུའེ་ཡ་ནའི་གྲོས་དཔོན་ནཱ་ཏིས་ཨར་ལ་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཀུའེ་ཡ་ནའི་གྲོས་དཔོན་ནཱ་ཏིས་ཨར་ལ་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་རྒྱུན་འཁྱོངས་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ཐད་ཕན་ཚུན་རྒྱུས་ལོན་བྱེད་པ་དང་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ཡ་ན་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀའི་བར་དཔལ་འབྱོར་གསབ་རེས་རང་བཞིན་ཆེན་པོ་ལྡན། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་འདི་ཉིད་ཀུའེ་ཡ་ན་ཕྱོགས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་ཐཱན་ཉུང་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གང་ལེགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཉོ་ཚོང་དངུལ་གཏོང་དང་གནམ་གཤིས་འགྱུར་ལྡོག རིག་གནས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཀུའེ་ཡ་ན་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་འབད་པས་ཞུགས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀུའེ་ཡ་ནའི་རྒྱལ་དམངས་གྲོས་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། ཁ་གཏད་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་འཐུས་མི། གྲོས་མི་བཅས་བར་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཡིག་ཆ་སྔར་ལས་འཐུས་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཕྱོགས་གཉིས་ཀའི་མཉམ་ལས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་ལ། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་། ལ་ཏེན་མེ་གླིང་གི་གྲོས་ཚོགས་སོགས་ཕྱོགས་མང་ཚོགས་རར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད།

ནཱ་ཏིས་ཨར་གྱིས་བཤད་རྒྱུར། ཀུའེ་ཡ་ན་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཡོད། ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་ཡིན། ཀུའེ་ན་ཡ་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ལྷན་དུ་འབད་འབུངས་བྱས་ནས། ཁྲིམས་སྐྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།