ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཐུན་མོང་ཕྱུག་འགྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲོས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པེ་ཅིང་དུ་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་དམངས་གཙོ་ཏང་ཁག་གི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྤེལ་བའི། ཐུན་མོང་ཕྱུག་འགྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་དབྱང་གིས་བསྟན་དོན། ཐུན་མོང་ཕྱུག་འགྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་ཏེ་གནང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྒྱུན་ཆད་མེད་པར་ཞིབ་འཇུག་དང་འཚོལ་ཞིབ་བྱེད་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། ཏང་ཁག་དང་ཚོགས་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུན་མོང་ཕྱུག་འགྱུར་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་གཏིང་ཟབ་བླངས་ནས། སྲིད་ཇུས་དྲིལ་སྒྲོག་དང་དོགས་གཞི་སེལ་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བར་བྱེད་པ་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་ཆེ་རུ་གཏོང་དགོས། ད་ཐེངས་ཀྱི་རྟོག་ཞིབ་ཞིབ་འཇུག་དང་གྲོས་མོལ་གྱི་རྨང་གཞིའི་སྟེང་དུ། ཞིབ་འཇུག་གཏིང་ཟབ་དང་གཅིག་རྗེས་གཉིས་མཐུད་ཀྱིས་ཐབས་འདོན་ཇུས་འདོན་བྱས་ཏེ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་སྲིད་ཇུས་ཕན་ནུས་ལྡན་པའི་ངང་སྤྱོད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་བྱས་པའི་མཇུག་འབྲས་བེད་སྤྱོད་ཡག་པོ་བྱས་ནས། སྲིད་ཏང་གི་གྲོས་མོལ་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།