ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་བསྟུད་མུར་ལོ7ལ་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་བརྟན་བརླིང་ངང་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་སླེབས་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་བཤད་རྒྱུར། སྤྱིའི་ཆ་ནས་བཤད་ན། ཉེ་བའི་ལོ་འདི་དག་གི་རིང་རང་རྒྱལ་གྱིས་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་ལ་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། བསྟུད་མུར་ལོ7ལ་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་བརྟན་བརླིང་ངང་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་སླེབས་པས་འབྲུ་མཛོད་ཀྱི་གསོག་ཚད་འདང་ངེས་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།