ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་མ་བདེ་བླག་ངང་ཕ་ཡུལ་དུ་ལོག་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ6པའི་ཚེས13ཉིན་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡིས2022ལོའི་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐེངས9པ་འཚོགས་པ་དང་། མཐོ་སློབ་ཀྱི་སློབ་མ་སློབ་གྲྭ་ནས་བྲལ་ནས་ཕ་ཡུལ་དུ་ལོག་པའི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། སློབ་མ་བདེ་བླག་ངང་ཕ་ཡུལ་དུ་ལོག་པར་འགན་ལེན་བྱེད་པ་དང་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས་པ། སློབ་མར་ཐུགས་ཁུར་བྱེད་པར་ཤུགས་སྣོན་དགོས་པ། དབྱར་གནང་གི་སྐབས་ཀྱི་སློབ་གྲྭའི་རིམས་ནད་འགོག་སྡོམ་ལ་དམ་འཛིན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་མཐོ་སློབ་ཀྱིས་ཟླ6པའི་ཚེས3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚོགས་པས་པར་འགྲེམས་བྱས་པའི《རྒྱལ་ཡོངས་ཀྱི་མཐོ་སློབ་སློབ་མ་སློབ་གྲྭ་ནས་བྲལ་ཏེ་ཕ་ཡུལ་དུ་ལོག་པར་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》དོན་འཁྱོལ་ཡག་པོ་བྱས་ནས། སྲིད་ཇུས་ལག་བསྟར་ནུས་ལྡན་ཐུབ་པ་དང་སློབ་མ་བདེ་བླག་ངང་ཕ་ཡུལ་དུ་ལོག་པར་འགན་ལེན་བྱས་ཏེ། ས་ཁུལ་ཁག་གཅིག་གི་སྲིད་ཇུས་དོན་འཁྱོལ་བྱེད་སྐབས་གནས་པའི"ངན་པ་གཅིག་གཅོད"དང་རེ་རེར་ཨང་བཤེར་སོགས་ཀྱི་སྣང་ཚུལ་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་མཐོ་སློབ་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་། སློབ་གྲྭའི་ཚོད་འཛིན་དོ་དམ་གྱི་གནས་ཚུལ། སློབ་གྲྭའི་སློབ་མའི་གྲངས་འབོར་བཅས་ལ་གཞིགས་ཏེ། “ཞིང་ཆེན་ནང་ཁུལ་དུ་སྤྱི་འདོམས་བྱས་ཏེ་སློབ་གྲྭ་རེར་སྲིད་ཇུས་རེའི”རྩ་དོན་ལྟར་གནད་སྨིན་ཞིབ་འཇུག་བརྡར་གཅོད་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་སྤྱི་འདོམས་ལ་བཀོད་སྒྲིག་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་ཞབས་ཞུའི་འགན་ལེན་བྱ་ཐབས་སྤྱི་འདོམས་དོན་འཁྱོལ་བྱེད་པ་དང་། སློབ་མའི་རེ་འབོད་ཤེས་རྟོགས་གང་ལེགས་བྱེད་པ་དང་། སློབ་མའི་སློབ་སྦྱོང་དང་ཚན་ཞིབ། དངོས་སྦྱོང་། ཡིག་རྒྱུགས་སོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་སློབ་མར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་ད་དུང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་མཐོ་སློབ་ཀྱིས་སྔ་སྣུར་སྒོས་དབྱར་གནང་དང་སྟོན་ཁའི་སློབ་དུས་སློབ་འགོ་ཚུགས་པའི་བཀོད་སྒྲིག་བྱེད་དགོས་པ་དང་། དབྱར་གནང་གི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། སློབ་ཁྲིད་ཚན་ཞིབ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ལས་ཀའི་དོན་དངོས་ལ་གཞིགས་ནས། དབྱར་གནང་རིང་སློབ་གྲྭར་ཡོད་པའི་ལས་དོན་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་པ། སློབ་གྲྭར་ཡོད་པའི་དགེ་སློབ་དང་ལས་བཟོའི་དོ་དམ་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། དགེ་སློབ་ཀྱི་བདེ་ཐང་དང་སློབ་གྲྭའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།