ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་རིགས་ལ་རྡུང་རྡེག་ནན་མོ་གཏང་རྒྱུ་ཞེས་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། དྲག་རྩུབ་སྤྱོད་པ། ནག་ཚོགས་ནག་ཉེས་དང་འབྲེལ་བ་སོགས་ཀྱི་ཉེས་གསོག་དང་། ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ཉེས་གསོག་ཐད། གཅུན་དགོས་དུས་གཅུན་དགོས་པ་དང་། འཛིན་བཟུང་བྱ་དགོས་ཚེ་འཕྲལ་མར་འཛིན་བཟུང་བྱེད་པ། ཁྲིམས་ལྟར་བདའ་འདེད་གཏོང་བ། རྡུང་རྡེག་ནན་མོ་གཏོང་བ་བཅས་བྱེད་དགོས། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་རྒྱུན་ལྡན་ཅན་དུ་བསྒྱུར་རྒྱུ་དེ་ངེས་པར་དུ་དངོས་ཐོག་ཏུ་དམ་འཛིན་བྱ་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་རིམ་པ་ཁག་གིས་ནག་ཚོགས་སྤྱོད་ངན་དང་། ཐ་ཤལ་ཁྲམ་པས་བསམ་བཞིན་དུ་ཟིང་ཆ་སློང་བ་དང་སྡིག་རྩུབ་ཆེ་བ། བུད་མེད་དང་བྱིས་པ། རྒན་འཁོགས། དབང་པོ་སྐྱོན་ཅན་སོགས་ལ་གནོད་འཚེ་གཏོང་བ་དང་། དེ་བཞིན་ནག་ཉེས་ཚབས་ཆེན་གཞན་དག་ཡོད་པའི་རིགས་ལ་ངེས་པར་དུ་བཅའ་ཁྲིམས་ལྟར་བདའ་འདེད་མཐའ་གཅིག་ཏུ་གཏང་དགོས་པ་དང་། བཅའ་ཁྲིམས་ལྟར་ཁྲིམས་གཅོད་ནན་མོ་བྱ་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།