ཀྲུང་གོ་བོད་ཀྱི་དྲ་བ།

མི་ཐ་ཤལ་དགུ་པོ་འཛིན་བཟུང་བྱས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། དྲ་གྲོགས་ཤིག་གིས་དྲ་ཐོག་དུ་ཧོ་པེ་ཐང་ཧྲན་གྱི་བསྲེགས་ཟས་ཟ་ཁང་ཞིག་ཏུ་སྐྱེས་པ་སྐོར་ཞིག་གིས་ཆང་འཐུང་རྗེས་བུད་མེད་ལ་གཅར་རྡུང་བྱས་པའི་གནས་ཚུལ་སྤེལ། 

ཚེས10ཉིན་གྱི་ཕྱི་དྲོར། ཐང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ལམ་བྱང་མའི་ཡན་ལག་ཅུས་ཀྱིས་གསལ་བསྒྲགས་སྤེལ་བ་དང་། 2022ལོའི་ཟླ6པའི་ཚེས10ཉིན་གྱི་ཞོགས་པའི་ཆུ་ཚོད2དང་སྐར་མ40ཙམ་ལ། ཐང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ལམ་བྱང་མའི་ཡན་ལག་ཅུས་གནམ་གྲུ་ཐང་ལམ་མངགས་གཏོང་ཁང་གི་ཁོངས་གཏོགས་བསྲེགས་ཟས་ཚོང་ཁང་ཞིག་ཏུ་བསྙད་རྐོ་ཟིང་སློང་དང་དྲག་ཤུགས་སྤྱད་དེ་མི་གཞན་ལ་ཉེས་རྡུང་གཏོང་བའི་གྱོད་གཞི་ཞིག་ཐོན།

ཐང་ཧྲན་བསྲེགས་ཟས་ཚོང་ཁང་ཞིག་གི་ནང་སྐྱེས་པ་མང་པོས་བུད་མེད་ལ་ཉེས་རྡུང་བཏང་བའི་དོན་རྐྱེན་ཐོན་རྗེས། སྤྱི་ཚོགས་ངོས་ལ་ཚུར་སྣང་དྲག་པོ་བྱུང་ཡོད། ཐང་ཧྲན་ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་བརྡ་ཁྱབ་བཏང་བ་མ་ཟད། མཚན་བརྒྱབ་ནས་གྱོད་འབྲེལ་མི་སྣ་འཛིན་བཟུང་བྱས། ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད14དང་སྐར་མ26བར། དོན་རྐྱེན་ཐོན་ནས་ཆུ་ཚོད36ཙམ་འགོར་རྗེས་ཐང་ཧྲན་ཉེན་རྟོག་ཕྱོགས་ཀྱིས་ཅང་སུའུ་ནས་ཆེས་མཇུག་མཐའི་གྱོད་འབྲེལ་མི་སྣ་དེ་འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་མི་སྣ9པོ་ཚང་མ་འཛིན་བཟུང་བྱས་ཡོད། 

图片

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།