ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་དྲ་ཐོག་ཏུ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་ཚེས13ཉིན་དངོས་སུ་སྤེལ་མགོ་ཚུགས། དེ་ནི་རང་རྒྱལ་གྱིས་བསྟུད་མར་སྤེལ་བའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་ཐེངས32པ་ཡིན་ཞིང་། ད་ལོའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་ཐཱན་ཉུང་དང་ནུས་རྒྱུ་གྲོན་ཆུང་སྔོན་དུ་བསྐྱོད”ཞེས་པ་དེ་ཡིན་པ་དང་། བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ6པའི་ཚེས13ནས་ཚེས19ཉིན་བར་རེད།

ཟླ6པའི་ཚེས13ཉིན་གྱི་སྔ་དྲོ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དྲ་ཐོག་ནས2022ལོའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་དང་པེ་ཅིང་གྲོང་ཁྱེར་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་མགོ་བརྩམས་ཤིང་། དེར་དྲིལ་བསྒྲགས་ནང་དོན་གཙོ་བོ་ཁག7སྤེལ་བ་སྟེ། གཅིག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ནུས་རྒྱུ་གྲོན་ཆུང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་མ་ལག་ལྡན་པའི་ངང་འགྲེམ་སྟོན་བྱེད་པ་དང་། གཉིས་ནི་གཙོ་གནད་ལས་རིགས་ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཆག་གི་ལག་ལེན་བྱེད་སྒོ་སྤེལ་བ། གསུམ་ནས་ལྗང་མདོག་འཚོ་བ་གཏོད་པའི་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ། བཞི་ནི་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་ཡག་ཤོས་དང་ནུས་རྒྱུ་བསྲི་ཚགས་ཀྱི་ལག་ལེན་དངོས་ཀྱི་འགྲེམས་སྟོན་བྱེད་སྒོ་ཡག་ཤོས། ལྔ་ནི་ནུས་རྒྱུ་བསྲི་ཚགས་ཀྱི་ཚད་གཞི་དང་ནུས་ཕྱོད་མཚོན་རྟགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། དྲུག་ནི“འགྱིག་ཤོག་གི་སྦགས་བཙོག་འགོག་བཅོས་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་གཏོད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བདུན་ནི་པེ་ཅིང་གྲོང་ཁྱེར་གྱི་ནུས་རྒྱུ་བསྲི་ཚགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བཅས་ཡིན

དེ་དང་ཆབས་ཅིག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“སྤྲིན”ཐོག་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། “ནུས་རྒྱུ་གྲོན་ཆུང་སྤྲིན་ཚོགས་ཀྱི་མཐོང་ཁམས”དང་།“ནུས་རྒྱུ་གྲོན་ཆུང་གི་སྤྲིན་སྟེང་སློབ་ཁང”། “སྤྲིན་སྟེང་གི་བྱེད་སྒོ་མཉམ་སྤྱོད”སོགས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་བརྗོད་བྱ་གཙོ་བོར་དམིགས་ཏེ། ནུས་རྒྱུ་གྲོན་ཆུང་གི་འཚོ་བའི་བརྙན་རིས་དང་ནུས་རྒྱུ་གྲོན་ཆུང་གི་ཤེས་བྱ་འགྲེམ་སྟོན་དང་། ནུས་རྒྱུ་གྲོན་ཆུང་གི་ཐཱན་ཉུང་ཤེས་བྱའི་འཆད་ཁྲིད། “ནུས་རྒྱུ་གྲོན་ཆུང་གིPKའགྲན་བསྡུར་གཉེར་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་དྲ་ཐོག་བྱེད་སྒོ་སྤེལ་བ་བརྒྱུད་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་རྨང་གཞིའི་ཤེས་བྱ་ཁྱབ་གདལ་རྒྱ་ཁྱབ་བཏང་ནས། དམངས་ཡོངས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་ལ་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས།

རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་སྐབས་སུ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག ལས་ཁུངས་ཁག་བཅས་ཀྱིས་དྲིལ་བསྒྲགས་ཀྱི་གཙོ་གནད་ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་ཀྱི་ཁྱད་ཆོས་དང་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་འདུ་ཤེས་དང་ནུས་རྒྱུ་གྲོན་ཆུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་རྣམ་པ་བཟང་པོ་ཧུར་ཐག་གིས་གཏོད་པ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་གཏོང་བ་དེ་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།