ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ལེའོ་ཉིང་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས5ཉིན་ནས་ཚེས6ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ལའོ་ཉིང་གི་ཧྲིན་དབྱང་དང་ཏཱ་ལེན་དུ་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འབད་འཐབ་ཀྱིས་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་བ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། 

ཧན་ཀྲིན་ཧྲིན་དབྱང་ལྗིད་གྲས་རིག་གནས་ཐང་དུ་ཡོང་སྟེ། འགྲེམ་སྟོན་བྱང་བུ་དང་ཟུང་འབྲེལ་གྱིས་ཧྲིན་དབྱང་གྲོང་ཁྱེར་གྱིས་སྤྱིའི་གནས་ཚུལ་གསར་བསྒྱུར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། གཅིག་སྟོང་དགུ་བརྒྱ་ཐིག་ལྔའི་རིག་གནས་གསར་གཏོད་ར་བར་སོང་ནས། ན་གཞོན་གྱི་ལས་སྐྲུན་ལས་ཞུགས་སོགས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། འཇར་པན་གློག་ཆས་ཐོན་སྐྱེད་ཏཱ་ལེན་ཚད་ཡོད་ཀུང་ཟིར་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་བསྟན་དོན། ལའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱང་ཤར་དང་ལའོ་ཉིང་གི་དར་སྤེལ་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་རིན་ཐང་ཡོད། བྱང་ཤར་ས་ཁུལ་གྱི་དར་སྤེལ་འཕེལ་རྒྱས་ཀྱི་གནད་འགག་ནི་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཤིང་། བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། རྒྱལ་དབང་རྒྱུ་ནོར་གྱི་གསོན་ཤུགས་རྒྱས་པ་དང་ཕྱི་དངུལ། དམངས་ཀྱི་རྒྱུ་ནོར་བཅས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། འཇོན་མར་མཐོང་ཆེན་བྱས་ཤིང་འཇོན་མི་གཅིག་བསྡུས་དང་བཀོལ་སྤྱོད་གང་ལེགས་སྒོས་ན་གཞོན་པའི་ལས་ཞུགས་ལས་སྐྲུན་ཐད་སྟེགས་བུ་སྔར་ལས་མང་བོ་བསྐྲུན་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ཐད་འཇོན་མིའི་གཞོགས་འདེགས་ཆེན་པོ་འདོན་སྤྲོད་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གྱི་གསར་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱས་ནས། མང་ཚོགས་ཀྱི་དོན་དངོས་དགོས་མཁོར་ཞབས་འདེགས་ཞུ་བ་དང་། གྲོང་ཁྱེར་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱས་ཏེ། ཆེ་མཐོང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བར་བྱས་རྗེས་ཆེན་པོ་འཇོག་དགོས། 

ཧན་ཀྲིན་ཧྲིན་དབྱིང་ཀུའུ་ཧྥུན་འཕྲུལ་ཆས་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་དང་ཏཱ་ལེན་ཧྭ་རོས་ལྗིད་པའི་བཟོ་ལས་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་། ཏཱ་ལེན་པེན་ཧྲན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཏཱ་ལེན་ཚོང་རྫས་ཉོ་ཚོང་ཁང་བཅས་སུ་སོང་ནས། ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་དང་ཁེ་ལས་ཀྱི་བཅོས་བསྒྱུར་འཕེལ་རྒྱས། ལག་རྩལ་གསར་སྤེལ། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་ཡོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད། 

ཧན་ཀྲིན་ཀྲུང་གོའི་ཚན་རིག་སློབ་གླིང་ཏཱ་ལེན་རྫས་འགྱུར་དངོས་ལུགས་ཞིབ་འཇུག་ཁང་དང་། ཐའོ་ཅིན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི། ཏཱ་ལེན་རོང་ཁི་ནུས་གསོག་ལག་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཅས་སུ་སོང་སྟེ། ཚན་རྩལ་གྲུབ་འབྲས་ལེགས་བསྒྱུར་དང་ལག་རྩལ་གསར་སྤེལ། ཐོན་ལས་ཅན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གཏིང་ཟབ་ཏུ་ལག་ལེན་བྱས་ཤིང་། ཁེ་ལས་གསར་གཏོད་བྱེད་པའི་གོ་གནས་གཙོ་བོ་ཇེ་དྲག་ཏུ་གཏོང་བ་དང་། བསྟུད་མར་གནད་འགག་གི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་ཡར་སྐུལ་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་མངོན་འགྱུར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དང་དངོས་བཀོལ་ཞིབ་འཇུག་འདུས་པའི་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ཀྱི་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་སློབ་ཞིབ་བཀོལ་ཟུང་འབྲེལ་གང་ལེགས་བྱས་ཏེ། ཚན་རྩལ་གྲུབ་འབྲས་ཀྱི་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་ཐོན་ལས་ཀྱི་འཕར་ཚད་གསར་བ་གསར་བསྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།