ཀྲུང་གོ་བོད་ཀྱི་དྲ་བ།

སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ཀྱིས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་དཀའ་ངལ་སེལ་བར་ཕན་འབྲས་ངེས་ཅན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནས་བཟུང་། རང་རྒྱལ་གྱིས་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས། དེ་འབྲེལ་གྱི་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་བྱས་པའི་འགྲོས་དང་བསྟུན་ཏེ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཐད་ཕན་འབྲས་ངེས་ཅན་ཐོབ་ཡོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་དུ། ཁྱོན་བསྡོམས་ཁྲོམ་ར་གཙོ་བོའི་ཁྲལ་གྲོན་ཁུར་པོ་ཇེ་ཡང་དུ་བཏང་བ་དང་ལག་དངུལ་འཁོར་རྒྱུག་ཇེ་མང་དུ་བཏང་ཚད་སྒོར་དུང་ཕྱུར་ཁྲི་གཉིས་ལས་བརྒལ་ཡོད་ཅིང་། དེའི་ནང་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པའི་གཞི་ཁྱོན་ཆེ་བའི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཕྱིར་སློག་སྲིད་ཇུས་ཀྱིས་ཁྲོམ་ར་གཙོ་བོར་མ་དངུལ་གྱི་གསོན་ཤུགས་བསྣན། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཟླ་གཉིས་ཀྱི་ནང་སྒོར་འབུམ་གཉིས་ལྷག་ཙམ་གྱི་ཁྲལ་སློག་སྒོར་མོ་ཐོབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བཞི་པའི་ཚེས་གཅིག་ཉིན་ནས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་བར་དུ། སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་གསུམ་ཐེར་ཆེན་གསུམ་ཐེར་འབུམ་དགུ་དུང་ཕྱུར་གཅིག་གི་ཁྲལ་དངུལ་ཕྱི་སློག་པའི་སྲིད་ཇུས་ཀྱི་ངོས་ནས་ཁེ་ལས་ཀྱི་ཐོ་འགོད་དངུལ་བྱང་སྟེང་འབྱོར་ཡོད། དུས་ཚིགས་དང་པོའི་ནང་དུ། དེ་སྔའི་དཔྱ་ཁྲལ་ཕྱིར་སློག་པའི་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་གསུམ་དངོས་སུ་ལག་བསྟར་བྱས་པས། དཔྱ་ཁྲལ་ཕྱིར་སློག་བྱས་པའི་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་བཞི་ཐེར་ཆེན་དྲུག་ཐེར་འབུམ་གཉིས་དུང་ཕྱུར་བཞི་ལ་སླེབས། དཔྱ་ཁྲལ་ཕྱིར་སློག་ཐོབ་ཟིན་པའི་ཁྲལ་འཇལ་བའི་ཁྲོད་དུ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ནི་ཕན་པ་ཐོབ་མཁན་གཙོ་བོར་གྱུར་ཡོད་ཅིང་། དེ་གཉིས་ཀྱིས་དཔྱ་ཁྲལ་ཕྱིར་སློག་མ་དངུལ་སྤྱིའི་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་དགུ་ཟིན་ཡོད་ཅིང་། ཁྱོན་བསྡོམས་དཔྱ་ཁྲལ་ཕྱིར་སློག་བྱས་པའི་མ་དངུལ་སྒོར་ཁྲག་ཁྲིག་དྲུག་ཐེར་ཆེན་དགུ་ཐེར་འབུམ་གཅིག་ལ་སླེབས་ཡོད་ལ། དེས་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་དྲུག་ཟིན་ཡོད།  བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཁག་དྲུག་ལའང་ཕན་པ་ཆེན་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།