ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་དང་ནུས་པ་ཐོན་ཚད་ཇེ་མགྱོགས་སུ་བཏང་ནས། ཁྲོམ་ར་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་ཤེས་དགོས་ངེས་ཀྱི་ཤེས་བྱ་ཅིས་ཀྱང་ཤེས་པར་བྱེད་རྒྱུ་དང་ལོངས་སྤྱོད་ཐུབ་པར་བྱ་རྒྱུའི་ཐད་ནས་བཀོད་སྒྲིག་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། རྩ་བའི་དམངས་འཚོའི་ཚད་མཐའ་བརྟན་པོ་བཟོ་རྒྱུའི་ཐད་ནས་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་སྤྱིའི་བསམ་ཕྱོགས་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པའི་དམིགས་ཡུལ་ནི། གཙོ་བོ་སྲིད་ཇུས་ལག་བསྟར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཆེད་ཡིན། གོམ་སྟབས་རྗེས་མར་གཅིག་ནས་སྲིད་ཇུས་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་ཞིབ་ཕྲ་ཅན་དང་དོན་ལྡན་ཅན་དུ་བཏང་ནས། ཁྲོམ་ར་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་ཤེས་དགོས་ངེས་ཀྱི་ཤེས་བྱ་ཅིས་ཀྱང་ཤེས་པར་བྱེད་རྒྱུ་དང་ལོངས་སྤྱོད་ཐུབ་པར་བྱེད་དགོས། གཉིས་ནས་བཅོས་སྒྱུར་གྱི་བྱ་ཐབས་དང་ཁྲོམ་ར་ཅན་གྱི་བྱ་ཐབས་སྤྱད་དེ་དཀའ་གནད་སེལ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་དུ་གཏོང་དགོས། གསུམ་ནས་སྲིད་ཇུས་དོན་འཁྱོལ་དང་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། མིག་སྔར་མང་ཚོགས་སྐོར་ཞིག་གི་ལས་ཞུགས་དང་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་ནས། གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་ཡོད། དམིགས་འབེན་ཡོད་པའི་སྒོ་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རྩའི་དམངས་འཚོའི་ཚད་མཐའ་བརྟན་པོ་སྲུང་དགོས། གཅིག་ནས་རྒན་གསོའི་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་འགན་ལེན་བྱེད་དགོས་ལ། ད་ལོའི་ཚད་གཞི་ཇེ་མཐོར་བཏང་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་མ་དངུལ་ཟླ་བདུན་པའི་ཟླ་མཇུག་གོང་སྤྲོད་ཐུབ་པར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་གཏོང་དགོས། གཉིས་ནས་མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་སྐྱོབ་རོགས་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་དག་ཞུ་འབུལ་བསྡུར་ཚད་དང་སྨན་རྫས་སྣ་ཁའི་རིགས་བརྟན་པོ་ཡོང་བར་བྱས་ཏེ། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་གཞི་ལྕི་མོའི་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་གཙོ་གནད་གསུམ་གྱི་ཕྱོགས་བསྡུས་འགན་ལེན་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཆ་རྐྱེན་འདང་ངེས་ཡིན་ཞིང་དཀའ་ངལ་ལ་འཕྲད་བའི་དབང་གིས། གཞི་རྩའི་སྨན་བཅོས་འགན་སྲུང་གི་འགྲོ་གྲོན་འཇལ་ཐབས་བྲལ་བའི་རིགས་ལ་གནས་སྐབས་འགན་སྲུང་ནང་ཞུགས་སུ་བཅུག་ནས་རོགས་སྐྱོར་བྱེད་དགོས། བཞི་ནས་དམངས་འཚོ་འགན་ལེན་གྱི་སྒྲུབ་གཉེར་ཞབས་ཞུ་སྔར་ལས་མང་བར་ ཞིང་ཆེན་ལས་བརྒལ་བའི་འོག་ནས་སྒྲུབ་གཉེར་ཐུབ་པར་བྱེད་རྒྱུ་དང་སྒྲུབ་གཉེར་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་དམངས་འཚོ་འགན་ལེན་གྱི་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བཙན་བཟུང་བཀག་ཉར་དང་རྫུན་ཞུ་གཡོ་ལེན་སོགས་ཀྱི་བསམ་སྦྱོར་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

ཚོགས་ཐོག་ནས་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།