རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་མགོ་ཚུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཉེར་གཅིག་པ་ཡིན་ཞིང་། བརྗོད་བྱ་གཙོ་བོ་ནི“བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་འགན་འཁྲི་བ་ཨང་དང་པོ་བྱེད་དགོས”ཞེས་པ་དེ་རེད། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་མགོ་ཚུགས་པའི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། མགོ་ཚུགས་མཛད་སྒོའི་ཐོག“བདེ་འཇགས་ཐོན་སྐྱེད་ཟླ་བའི”བརྗོད་དོན་གཙོ་བོའི་དྲིལ་སྒྲོག་པར་གཞི་དང་སྤྱི་ཕན་གྱི་བརྡ་ཁྱབ་ཡོངས་བསྒྲགས་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཡིས་ཏང་སྲིད་ཀྱི“མགོ་ཁྲིད་གཙོ་བོས”སྣེ་ཁྲིད་དེ་བདེ་འཇགས་ལ་དོ་སྣང་དང་། ཁེ་ལས་ཀྱི་འགན་ཁུར་བ་ཨང་དང་པོས་ཆེད་དམིགས་ཀྱིས་བདེ་འཇགས་བཤད་པ། འཐབ་ཕྱོགས་དང་པོའི་ལས་དོན་པས་ཕན་ཚུན་སྤེལ་རེས་ཀྱིས་བདེ་འཇགས་བརྗོད་པ། བདེ་འཇགས་ཐོན་སྐྱེད་ཀྱི“ཡོངས་བསྒྲགས་སློབ་ཚན”དང“ཚང་མས་གྲོས་མོལ”། “ཚན་ཆུང་གྲོས་ཚོགས”སོགས་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས15ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། ད་ལོར་ད་དུང“ང་ནི་བདེ་འཇགས་སོ་ལྟ་པ་ཡིན”དང“ཉེ་འགྲམ་གྱི་མི་མངོན་པའི་རྐྱེན་ངན་འཚོལ་ཞིབ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། ཁེ་ལས་ཀྱི་ལས་བཟོའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་སྐོང་འཐེན་བྱ་རྒྱུ་རེད། གཞན་ཡང་ད་དུང་བདེ་འཇགས་ལྟ་སྐུལ་དོ་དམ་མི་སྣ་དང་མེ་ཟོན་རོགས་སྐྱོབ་མི་སྣ། དང་བླངས་པ་སོགས་སྒྲིག་འཛུགས་བྱས་ནས“ཁྱིམ་དུ་བདེ་འཇགས་བསྐྱེལ་བ”དང“བདེ་འཇགས་དང་བླངས་པས་འགུལ་སྐྱོད་བྱེད་པ”། རིགས་སོ་སོའི་འཕྲལ་སྡོམ་ནང་སྦྱོང་གི་ཉམས་ལེན་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་བདེ་འཇགས་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་སྤེལ་བཏང་ནས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ས་ཁུལ་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་ཁག་ཧུར་ཐག་གིས་སྤེལ་ནས། བདེ་འཇགས་ཐོན་སྐྱེད་ཆེད་དམིགས་དག་ཐེར་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཐོར་འདེགས་གཏོང་དགོས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཧུར་སེམས་ལ་སྐུལ་སློང་བྱས་ནས་སྤྱི་ཚོགས་ཀྱི་དྲིལ་སྒྲོག་ཐབས་ལམ་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས་ལ། སྤྱི་ཚོགས་ཡོངས་བདེ་ཐོན་སྐྱེད་ནང་ཞུགས་དང་དེར་དོ་ཁུར་བྱེད་པའི་ཁོར་ཡུག་ཆེན་པོ་ཞིག་ཆགས་པར་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ངོ་བོའི་ཐོག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉེན་ཟོན་བདེ་སྲུང་བྱེད་ཐབས་དོན་འཁྱོལ་བྱས་ནས། དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེའི་རིགས་འབྱུང་བར་བཀག་འགོག་ནུས་ལྡན་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་བདེ་འཇགས་གནས་བབ་ལ་ཚོད་འཛིན་བྱེད་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།