སློབ་གསོ་པུའུ་ཡིས2022ལོའི་མཐོ་རྒྱུགས་མ་ཐོན་གོང་། རྒྱུགས་ཞུགས་སློབ་མས་རྒྱུགས་གཞིར་མ་ཞུགས་གོང་གི་ཉིན14རིང་བསྟུད་མར་ས་གནས་དེ་གའི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། དགོས་མེད་ཀྱི་འདུ་འཛོམས་དང་།ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག མི་ཚོགས་འགྲོ་འོང་ཆེ་སར་མི་སྐྱོད་པ། ཉེན་ཁ་ཆེ་བའི་ས་ཆར་མི་འགྲོ་བའི་བླང་བྱ་བཏོན།
01.རྒྱུགས་གཞིར་མ་ཞུགས་གོང་གི་ཉིན14རིང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
རྒྱུགས་ཞུགས་སློབ་མ་ཚོས་རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་སྤྲོད་རིམས་འགོག་གི་བླང་བྱར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་བརྩི་སྲུང་ནན་མོ་བྱས་ཏེ། རྒྱུགས་གཞིར་མ་ཞུགས་གོང་གི་ཉིན14རིང་བསྟུད་མར་ས་གནས་དེ་གའི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། དགོས་མེད་ཀྱི་འདུ་འཛོམས་དང་།ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག མི་ཚོགས་འགྲོ་འོང་ཆེ་སར་མི་སྐྱོད་པ། ཉེན་ཁ་ཆེ་བའི་ས་ཆར་མི་འགྲོ་བར་བྱ་དགོས། མིག་སྔར་སྔར་བཞིན་ཞིང་ཆེན་གཞན་དུ་ལུས་པའི་རྒྱུགས་ཞུགས་སློབ་མར་རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་སྤྲོད་སྒྲིག་གཞིར་རང་ངོས་ཀྱི་བདེ་ཐང་གནས་ཚུལ་དང་འབྲེལ་ཡོད་ཕྱིར་ལོག་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཡར་ཞུ་བྱེད་དགོས་པ་དང་ཉིན14ཡི་སྔོན་དུ་རྒྱུགས་སྤྲོད་ས་ཚིགས་གནས་ཡུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་ཕྱིར་ལོག་དགོས།
02.ཧུར་ཐག་སྒོས་རྒྱུགས་གཞིར་མ་ཞུགས་གོང་གི་ལུས་པོ་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱ་དགོས།
མཐོ་རྒྱུགས་ཀྱི་རྒྱུགས་གཞིར་མ་ཞུགས་གོང་གི་སྔོན་ལ། རྒྱུགས་ཞུགས་སློབ་མ་ཚོས་རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་སྤྲོད་སྒྲིག་གཞི་བྱ་བའི་བླང་བྱ་ལྟར། ཉིང་སྐྱུར་ལྟ་ཞིབ་ཚད་ལེན་དང་བདེ་ཐང་གི་ཨང་རྟགས། ལུས་དྲོད་སོགས་བདེ་ཐང་ཞིབ་བཤེར་ལས་དོན་སྤེལ་དགོས་པ་མ་ཟད། རྒྱུགས་གནས་ཀྱི་འབྲེལ་ཡོད་རིམས་འགོག་བཀོད་སྒྲིག་ལ་བརྩི་སྲུང་བྱ་དགོས།
03.ཁ་པར་གྱི་སྒོ་མི་རྒྱག་པ།
རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་གིས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སྐབས་བྲིས་པའི་ཁ་པར་གྱི་སྒོ་མི་རྒྱག་པར་རྒྱུན་འཁྱོངས་བྱས་ནས། རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་སྤྲོད་སྒྲིག་གཞིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་སྤྱི་བསྒྲགས་ཆ་འཕྲིན་ལ་དོ་སྣང་བྱེད་པ་དང་། གལ་ཏེ་ཐོལ་བྱུང་གནས་ཚུལ་དམིགས་བསལ་ཅན་ཡོད་ཚེ། དུས་ཐོག་ཏུ་རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་ལེན་ལས་ཁུངས་ལ་ཡར་ཞུ་བྱ་དགོས། །