ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས།

གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས་ལྷག་བསམ་དང་བརྩེ་སེམས་ཀྱིས་བྱིས་པའི་བདེ་ཐང་འཚར་ལོངས་དང་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ40འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་འབྲེལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། གྲོགས་པོ་ཆུང་ཆུང་ཚོར་སློབ་སྦྱོང་ཡར་ཐོན་དང་འཚོ་བར་སྤྲོ་སྣང་ལྡན་པ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ40ཡི་རིང་ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱིས་ཏང་ལ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ལ་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དང་རྒྱ་ཆེའི་བྱིས་པར་ཞབས་འདེགས་ཞུས་ནས། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱེད་ཚོས་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས། རྒྱ་ཆེའི་བྱིས་པའི་ལས་དོན་པར་མཐུན་སྒྲིལ་བྱས་ནས་བྱིས་པ་འཚར་ལོངས་ཀྱི་ལམ་སྟོན་པ་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་མཁན། བྱིས་པའི་འབྱུང་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱེད་མཁན་བཅས་བྱས་ཏེ། ལྷག་བསམ་དང་བརྩེ་སེམས་ཀྱིས་བྱིས་པའི་བདེ་ཐང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད།

ཀྲུང་གོ་བྱིས་པའི་ལྟེ་གནས་ནི1982ལོར་བཙུགས་པ་དང་། དེ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སློབ་ཕྱིའི་སློབ་གསོ་དང་བྱིས་པ་འཕེལ་རྒྱས་ཀྱི་ཞིབ་འཇུག་སྒྲིག་གཞི་ཐོག་མ་དེ་རེད། ལོ40ཡི་རིང་ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། རིམ་རྩིས་བྱས་ན་ལོ་ཆུང་བྱིས་པ་དུང་ཕྱུར་ཁ་ཤས་ལྷག་ལྟེ་བའི་ཚོགས་ཆུང་གིས་རྩ་འཛུགས་བྱས་པའི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།