ཟླ5བའི་ཚེས30ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་རེ་གསུམ་པ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་རེ་གསུམ་པ་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འདུམ་གཅོད་ཀྱི་ཁྱད་ཆོས་དང་ཆོས་ཉིད། འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོའི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་ལ་དཔེ་ལྟ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་གི་འདུམ་གཅོད་དང་ཕྱི་འབྲེལ་འདུམ་གཅོད་ལ་གཅིག་འདོམས་བྱེད་པ། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། དགེ་མཚན་སྲ་བརྟན་དུ་གཏོང་བ། གྲོས་མོལ་ཇུས་འབུལ་གྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདུམ་གཅོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས།
སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་དང་རིག་གནས་པ་བཅུ་ཡིས་ཚོགས་ཐོག་ནས་གྲོས་མོལ་གཏམ་བཤད་བྱས་པ་དང་། ཨུ་ཡོན་བརྒྱད་ཅུས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་སྟེགས་བུའི་སྟེང་གྲོས་གཞི་བཏོན།
ཨུ་ཡོན་ཚོས་འདུམ་གཅོད་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཐད་ནས་འདུམ་གཅོད་གྱོད་གཞི་ཐག་གཅོད་ཀྱི་ཁྱབ་ཁོངས་འོས་འཚམ་སྒོས་རྒྱ་སྐྱེད་པ་དང་། རྩ་དོན་སྟེང་དོ་བདག་ལ་ཆད་གཅོད་དབང་ཆ་ཡོད་པ་མ་ཟད་སྤྱི་ཐུན་ཁེ་དབང་ལ་མི་གནོད་པའི་འགལ་རྩོད་ཡོད་ཚད་འདུམ་གཅོད་བྱེད་ཆོག་ལ། འདུམ་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་ན། འདུམ་གཅོད་ལས་ཁུངས་དེ་ཁེ་སྤོགས་མེད་པའི་ཁྲིམས་མི་ཡིན་པའི་བྱེ་བྲག་གི་རིགས་སྣ་སྔར་ལས་གཏན་ཁེལ་གསལ་བོ་བྱས་ནས། སྤྱི་རྟོན་ནུས་པ་མཐོར་འདེགས་གཏོང་དགོས། འདུམ་གཅོད་པའི་གདན་ཞུ་འགན་ཁུར་ཐོབ་ཐང་ཞིབ་བཤེར་དང་འདེམ་བསྐོ་སྐྱེད་སྲིང་། དཔྱད་ཞིབ་གདེང་འཇོག་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འདུམ་གཅོད་པའི་ཆ་འཕྲིན་གསལ་འདོན་ལམ་ལུགས་བཙུགས་ཏེ། ལས་རིགས་ཀྱི་རང་གཅུན་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས། འདུམ་གཅོད་ཀྱི་བརྒྱུད་རིམ་དང་སྒྲིག་ལམ་ཇེ་ལེགས་སུ་གཏོང་བ་དང་། འདུམ་གཅོད་དང་ཞུ་གཏུག་གི་འབྲེལ་བར་དབྱེ་ཞིབ་བྱེད་པ། ཁྲིམས་འཛིན་གྱིས་འདུམ་གཅོད་ལ་རྒྱབ་སྐྱོར་དང་ལྟ་ཞིབ་བྱེད་པའི་རྩ་དོན་གཏན་ཁེལ་གསལ་བོ་བྱེད་པ། འདུམ་གཅོད་ཁྲིམས་ལྟར་དང་རང་རྐྱ་འཕེར་བའི་ངང་སྤེལ་བར་འགན་སྲུང་བྱས་ནས། འདུམ་གཅོད་ཁྲིམས་འཛིན་ཅན་དུ་བསྒྱུར་བར་བཀག་འགོག་བྱེད་དགོས། རྒྱལ་སྤྱིའི་སྤུས་ལེགས་འདུམ་གཅོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་རྒྱལ་གྱི་འདུམ་གཅོད་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤན་ཤུགས་མཐོར་འདེགས་གཏོང་དགོས། འདུམ་གཅོད་ཐད་ཀྱི་བསླབ་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ནས། བཅའ་ཁྲིམས་ཁྱབ་གདལ་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུང་ཆིན་གྱིས་བརྗོད་དོན་གཏམ་བཤད་གནང་། ཁྲིམས་འཛིན་པུའུ་ཡི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་འགན་ཁུར་མི་སྣས་གྲོས་མོལ་བརྗེ་རེས་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།