ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཟླ6པའི་ཚེས1ཉིན་ནས་མེ་འཁོར་གྱི་པ་སེ་སྔོན་འཚོང་བྱེད་པའི་དུས་ཚོད་ཉིན15རུ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས30ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྱོན་ཡོངས་ནས་ཀྲུང་དབྱང་གི་དཔལ་འབྱོར་བརྟན་བརླིང་ཡོང་བའི་ཐད་ཀྱི་འཆར་འགོད་བླང་བྱ་ལག་བསྟར་དོན་འཁྱོལ་དང་། སྔར་ལས་ལྷག་པར་འགྲུལ་བ་རྣམས་ཡར་འགྲོ་མར་འགྲོ་བྱེད་པར་སྟབས་བདེ་བསྐྲུན་ཆེད། པྲོག་གསར་གློ་ཚད་རིམས་ནད་བཀག་སྡོམ་གྱི་གནས་ཚུལ་གསར་བ་གཞིར་བཟུང་། ལྕགས་ལམ་སྡེ་ཁག་གིས2022ལོའི་ཟླ6པའི་ཚེས1ཉིན་ནས་མེ་འཁོར་གྱི་པ་སེ་སྔོན་འཚོང་བྱེད་པའི་དུས་ཚོད་ཉིན15རུ་བཏང་། 

དེ་དང་དུས་མཚུངས་སུ། འགྲུལ་བའི་འཁོར་རྒྱུག་གི་གནས་བབ་དང་བསྟུན་ནས། ལྕགས་ལམ་སྡེ་ཁག་གིས“ཉིན་རེར་ས་ཁྲ་རེ”ཞེས་པའི་གནད་ཁེལ་ལས་དོན་དོན་འཁྱོལ་བྱ་རྒྱུ་དང་། རིམས་ནད་བཀག་སྡོམ་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པའི་རྨང་གཞི་སྟེང་། འགུལ་རྣམ་རང་བཞིན་གྱི་འགྲོ་འོང་སྡེབ་སྒྲིག་དང་མེ་འཁོར་གཏོང་ཐེངས་ཇེ་མང་དུ་བཏང་ནས། དེ་བསྟུན་གྱི་པ་སེ་བཙོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།